སྙན་ངག་གི་སྡོམ་ཚིག་འཕྲུལ་གྱི་ལྡེ་མིག

ཕྱི་ནང་རིག་གནས་མཐར་སོན་ཅིང་། །ཕུལ་བྱུང་སྙན་ཚིག་འཕྲུལ་ཞགས་ཀྱིས། །རྒྱ་བོད་འཛིན་མ་ཀུན་འཆིང་བ། །སྙན་ངག་བསྟན་བཅོས་མེ་ལོང་གི། ལུས་དང་རྒྱན་དང་སྐྱོན་སེལ་གསུམ། །གནད་དོན་སྙིང་པོ་ཡོངས་བསྡུས་པའི། །སྡོམ་ཚིག་ཅུང་ཟད་འགོད་པར་བྱ། །ལེའུ་དང་པོ།  ༈སྙན་ངག་ཤེས་པའི་ཕན་ཡོན་དང་། །མ་ཤེས་པ་ཡི་ཉེས་དམིགས་ཏེ། །སྙན་ངག་ཕུན་སུམ་ཚོགས་པའི་རྒྱུ། །དེ་གསུམ་གཞུང་འདིའི་སྔོན་འགྲོ་ཡིན། །ལུས་དང་རྒྱན་དང་སྐྱོན་སེལ་གསུམ། །སྙན་ངག་གཞུང་གི་བརྗོད་བྱ་སྟེ། ། ༈ལུས་ནི་བརྗོད་པར་འདོད་པ་ཡི། །1སྙན་ངག་གི་ལུས་སྤྱིར་བཤད་པ། དོན་གྱི་རྣམ་བཅད་ཚིག་གི་ཕྲེང་། ། ལུས་ལ་དབྱེ་ན་གསུམ་ནི། དེ་ཡང་ཚིགས་བཅད་ལྷུག་པ་དང་། །སྤེལ་མ་རྣམ་གསུམ་ཉིད་དུ་གནས། ། ༈རྒྱ་སྐད་ཚིགས་བཅད་རྩོམ་ཡིག་གི། 2ཚིགས་བཅད་ཀྱི་རྩོམ་ཡིག་འབྲི་ཚུལ། འབྲི་ཚུལ་སྡེབ་སྦྱོར་གཞུང་དུ་གསལ། །བོད་སྐད་ཚིགས་བཅད་རྐང་པ་བཞིར། །ཚེག་བར་གྲངས་ནི་ཆ་མཉམ་ཞིང་། །ཚིག་རྐང་རེ་རེའི་ཚེག་བར་གྲངས། །ལྔ་ནས་སོ་གསུམ་བར་དུ་བཤད། ། ༈སྦྱོར་ཚུལ་སྒོ་ནས་གྲོལ་བ་དང་། ། 3ཚིག་བཅད་སྙན་ངག་གི་དབྱེ་བ་རིགས་བཞི། རིགས་དང་མཛོད་དང་འདུས་པ་བཞི། ། ༈ཚིགས་བཅད་གཅིག་གིས་བརྗོད་བྱའི་དོན། ། ༡གྲོལ། རྫོགས་པ་གྲོལ་བ་ཡིན་པར་འདོད། ། ༈ཚིགས་བཅད་མང་པོ་ཕན་ཚུན་དུ། ། ༢རིགས། འདུས་པའི་མཐར་ཡང་བྱ་ཚིག་ནི། །གཅིག་གིས་བརྗོད་བྱའི་དོན་གཅིག་ཉིད། །རྫོགས་པར་སྟོན་པ་རིགས་ཞེས་བྱ། ། ༈གཅོད་མཚམས་དང་ནི་ཤོ་ལོ་ཀ།  ༣མཛོད། བྱ་ཚིག་མང་ཉུང་སྣ་ཚོགས་ཤིང་། །བརྗོད་བྱ་དུ་མས་ཕྱུག་པ་ནི། །མཛོད་ཅེས་བྱ་བ་ཡིན་པར་འདོད། ། ༈བརྗོད་བྱ་གཅིག་ལོ་ཤོ་ལོ་ཀ།  ༤འདུས། བྱ་ཚིག་མང་པོའི་སྒོ་ནས་ནི། །དོན་རྣམས་གསལ་བར་སྟོན་བྱེད་པ། །འདུས་པ་ཞེས་བྱའི་མཚན་ཉིད་ཡིན། །དེ་རྣམས་སརྒས་བཅིངས་པ་ཡི། །སྙན་ངག་ཆེན་པོའི་ཆ་ཤས་ཡིན། ། ༈སྒོ་དང་སྲོག་དང་རྩོམ་ཚུལ་གྱི། ། 4ཚིགས་སུ་བཅད་པའི་སྙན་ངག་ཆེན་པོའི་མཚན་ཉིད་གསུམ་བཤད་པ། དེ་ཡི་མཚན་ཉིད་བཤད་པར་བྱ། །  ༈ཤིས་བརྗོད་ཕྱག་བྱ་དངོས་པོ་ནི། ། མཚན་ཉིད་དང་པོ་ཚིག་སུ་བཅད་པའི་སྙན་ངག་གི་སྒོ་བཤད་པ། ངེས་པར་བསྟན་པ་དེ་ཡི་སྒོ། །  ༈སྔོན་བྱུང་གཏམ་དང་སྡེ་བཞི་འམ། ། མཚན་ཉིད་གཉིས་པ་སྙན་ངག་གི་སྲོགགྲོང་ཁྱེར་རྒྱ་མཚོ་རི་དང་དུས། །ཉི་ཟླ་འཆར་བའི་བསྔགས་པ་དང་། །སྐྱེད་ཚལ་ཆུ་ཡི་རོལ་རྩེད་དང་། །ཆང་འཐུང་དགའ་བའི་དགའ་སྟོན་དང་། །མ་ཚོགས་པའམ་བག་མ་དང་། །གཞོན་ནུ་སྐྱེ་དང་འཕེལ་བ་དང་། །གྲོས་དང་པོ་ཉ་བགྲོད་པ་དང་། །གཡུལ་དང་འདྲེན་པ་དར་བ་སོགས། །བརྗོད་བྱའི་དོན་ནི་སྲོག་ཡིན་ལ། ། སྲོག་རྫོགས་སོ།  ༈ཉམས་དང་འགྱུར་བ་དག་གིས་གཏམས། ། རྩོམ་ཚུལ་དང་པོ་སྙན་ངག་གི་ཉམས་ཇི་ལྟར་འདོན་ཚུལ། སརྒ་ཤིན་ཏུ་རྒྱ་ཆེ་དང་། །ཧ་ཅང་བསྡུས་པའི་མཐའ་གཉིས་སྤང་། །མཉན་འོས་བྲིཏྟ་ལེགས་མཚམས་སྦྱར། །ཀུན་ཏུ་སརྒ་དག་གི་མཐའ། །ཐ་དད་ལྡན་པས་མཛེས་པའོ། ། ༈གང་ཞིག་ཡན་ལག་འགས་དམན་ཡང་། ། རྩོམ་ཚུལ་གཉིས་པ་རྩོམ་ཚུལ་གྱི་དམིགས་གསལ། ཚིག་སྦྱོར་ཕུན་སུམ་ཚོགས་པ་ཡིས། ། བློ་ལྡན་མགུ་བར་བྱེད་པས་ན། །འདིར་ནི་སྙན་ངག་སྐྱོན་མ་ཡིན། ། ༈ཐོག་མར་བསྟོད་ཡུལ་ཡོན་ཏན་འགའ། ། རྩོམ་ཚུལ་གསུམ་པ་རྩོམ་པའི་ཉམས་གཏོད་ཚུལ་གྱི་རྣམ་གྲངས་གཞན་བཤད་པ། ཉེ་བར་བཀོད་ནད་དེ་ཡིས་ནི། །དགྲ་ལ་གནོད་པ་བྱེད་ཅེས་པའི། །བརྗོད་ཚུལ་རང་བཞིན་མཛེས་པ་ཡིན། །རིགས་དང་བརྩོན་འགྲུས་ཐོས་སོགས་ཀྱིས། །དགྲ་ལོ་ལ་ཡང་བསྔགས་བྱས་ནས། །དེ་ལས་རྒྱལ་ཕྱིར་བསྟོད་ཡུལ་དེ། །ཁྱད་འཕགས་བརྗོད་པའང་ལྷག་པར་བཛེས། ། ༈རྐང་པས་མ་བཅད་ཚིག་གི་རྒྱུན། ། 5ཚིག་ལྷུག་གི་སྙན་ངག་བཤད་པ། ལྷུག་པ་ཡིན་ཏེ་མིང་ཙམ་གྱི། །དབྱེ་བ་བརྗོད་པ་དང་ནི་གཏམ། །མིང་གཉིས་དག་གིས་རིགས་གཅིག་མཚོན། །ལྷག་མ་བརྗོད་པའི་རིགས་རྣམས་ཀྱང་། །འདི་ཉིད་ནང་དུ་འདུས་པར་གྱུར། ། ༈སྤེལ་མ་ཟློས་གར་ལ་སོགས་ཏེ། །6སྤེལ་མ་ཞེས་བྱ་བའི་སྙན་ངག་བཤད་པ། དེ་དག་རྣམས་ནི་གཞན་ན་རྒྱས། །ལྷུག་པ་ཚིག་ས་བཅད་རང་བཞིན་གང་། །ཙམ་བུ་ཞེས་བྱར་མངོན་པར་བརྗོད། །ངག་གི་རང་བཞིན་དེ་དག་ཀྱང་། །7སྙན་ངག་གི་དབྱེ་བ་རྣམ་གྲངས་གཞན་སྟོན་པ། ལེགས་སྦྱར་དེ་བཞིན་རང་བཞིན་དང་། །ཟུར་ཆག་འདྲེན་མ་ཟེས་པ་སྟེ། །རྣམ་པ་བཞི་རུ་མཁས་པས་བཤད། །ལེགས་སྦྱར་ཞེས་པ་ལྷ་ཡི་ནི། །8སྐད་རིགས་བཞི་བོ་དེའི་རང་བཞིན་བཤད་པ། སྐད་དུ་དྲང་སྲོང་ཆེན་པོས་གསུངས། །..དེ་སྐྱེས་དེ་མཚུངས་ཡུལ་ཅན་ཞེས་། །རང་བཞིན་རིམ་པ་དུ་མ་ཡོད། །ཡུལ་འཁོར་ཆེན་པོ་ལ་བརྟེན་སྐད། །ལེགས་བཤད་རིན་ཆེན་དག་གི་འཚོ། །སེ་ཏུས་བཅིངས་པ་རང་བཞིན་གང་། །རང་བཞིན་མཆོག་ཏུ་གྱུར་པར་རིག། སཽ་ར་སེ་ཎ་གཽ་ཌཱ་དང་། །ལ་དཱི་གཞན་ཡང་དེ་འདྲའི་སྐད། །རང་བཞིན་སྐད་ཅེས་བྱ་བ་ཡི། །ཐ་སྙད་རྣམས་ལ་ཉེ་བར་འགྱུར། །..བ་ལང་རྫི་ལ་སོགས་པའི་ཚིག། གཞུང་འདིར་ཟུར་ཆག་ཉིད་དུ་བརྗོད། །བསྟན་བཅོས་རྣམས་ལ་ལེགས་སྦྱར་ལས། །གཞན་པ་ཟུར་ཆག་སྐད་དུ་གྲགས། ། ༈ལེགས་སྦྱར་ས་རྒས་བཅིངས་ལ་སོགས། །9སྐད་རིགས་བཞི་བོ་དེའི་སྒོ་ནས་བརྩམས་པའི་སྙན་ངག་གི་མཚན་གཞི་ངོས་འཛིན་པ། རང་བཞིན་སྐནྡྷ་ཀ་སོགས་དང་། ། ཟུར་ཆག་ཟོ་ས་ར་སོགས་ཏེ། །ཟློས་གར་ལ་སོགས་འདྲེས་པའོ། །གཏམ་སོགས་སྐད་ནི་ཐམས་ཅད་དང་། །ལེགས་སྦྱར་གྱིས་ཀྱང་བཅིངས་པ་སྟེ། །སྨད་བྱུང་དོན་ཅན་རྒྱ་ཆའི་གཏམ། །འབྱུང་པོའི་སྐད་ཀྱི་རང་བཞིན་བརྗོད། །ས་བཅད་གསུམ་པ།  སྙན་ངག་གི་རྒྱན་བཤད་པ། སྙན་ངག་མཛེས་པར་བྱེད་པ་ཡི། ། 1སྙན་ངག་གི་རྒྱན་གྱི་ངོ་བོ་བཤད་པ། ཆོས་ནི་རྒྱན་ཞེས་བྱ་བར་བརྗོད། ། ༈དེ་ལ་ལྷོ་ཤར་ཐུན་མོང་དང་། ། 2རྒྱན་གྱི་དབྱེ་བ་ངོས་འཛིན་བཤད་པ། ཐུན་མོང་མིན་པ་རྣམ་གཉིས་ལས། །སྔ་མ་ལེའུ་གཉིས་པ་ཡི། །སྐབས་སུ་འཆད་པར་འགྱུར་བ་སྟེ། །འདིར་ནི་ཐུན་མོང་མ་ཡིན་པའི། །རྒྱན་གྱི་མཚན་ཉིད་བརྗོད་པར་བྱ། ། ༈དེ་ཡང་རྒྱན་གྱི་སྦྱོར་ལུགས་ལ། ། 3ཐུན་མོང་མ་ཡིན་པའི་རྒྱན་གྱི་གོ་དོན་བཤད་པ། ལྷོ་ཕྱོགས་བཻ་དརྦྷ་དང་ནི། །ཤར་སོགས་གཽ་ཌཱ་པ་ཞེས་པའི། །ལམ་སྲོལ་མི་འདྲ་པ་གཉིས། ། 4ཐུན་མོང་མིན་པའི་རྒྱན་གྱི་དབྱེ་བ་བཤད་པ། སྦྱར་བ་རབ་དྭངས་མཉམ་ཉིད་དང་། ། ༡སྦྱར་བ།  ༢རབ་དྭངས།  ༣མཉམ་ཉིད། སྙན་དང་ཤིན་ཏུ་གཞོན་པ་དང་། །༤སྙན་པ།  ༥ཤིན་ཏུ་གཞོན་པ། དོན་གསལ་བ་དང་རྒྱ་ཆེ་བ། ། ༦དོན་གསལ་བ།  ༧རྒྱ་ཆེ་བ། བརྗིད་དང་མཛེས་དང་ཏིང་ངེ་འཛིན། །    ༨བརྗིད་པ།  ༩མཛེས་ལྡན།            ༡༠ཏིང་ངེ་འཛིན། ཡོན་ཏན་འདི་བཅུ་བཻ་དརྦྷའི། ། ལམ་གྱི་སྲོག་ཏུ་བཤད་པ་ཡིན། །འདི་དག་ཕལ་ཆེར་ལྡོག་པས་ནི། །གཽ་ཌཱ་པ་ཡི་ལམ་དག་མཚོན། ། ༈སྦྱར་བ་སྲོག་ཆུང་ཡི་གེ་མཆོག།  5ཐུན་མོང་མ་ཡིན་པའི་རྒྱན་བཅུའི་ནང་གསེས་དང་པོ་སྦྱར་བའི་རྒྱན་སྤྱིར་བཤད་པ། ལྷོད་པ་ཉིད་ཀྱིས་མ་རེག་པའོ། །   ༈གསལ་བྱེད་སྡེ་པ་རྣམས་ཀྱི་ནི། ། 6སྦྱར་བའི་རྒྱན་ལས་འཕྲོས་པའི་ཡི་གེ་རྣམས་ཀྱི་སྲོག་ཆེན་སྲོག་ཆུང་གི་ཁྱད་པར་ངོས་འཛིན་པ། དང་པོ་གསུམ་པ་ལྔ་པ་དང་། ། མཐར་གནས་རྣམས་ནི་སྲོག་ཆུང་སྟེ། །སྡེ་པའི་གཉིས་པ་བཞི་བ་དང་། །དྲོ་བ་མཐར་ཟད་ཡི་གེ་རྣམས། །སྲོག་ཆེན་ཞེས་སུ་བརྗོད་པ་ཡིན། །བོད་ཡིག་ཅ་ཆ་ཇ་གསུམ་པོ། །ཙ་ཚ་ཛ་དང་ཞ་ནི་ཤ། ཟ་ནི་ས་དང་འ་ནི་ཨར། །བསྡུས་ནས་ཚིག་སྦྱོར་བྱས་ན་མཛེས། །  ༈སྲོག་ཆུང་ཤས་ཆེ་ཡི་གེ་གཅིག།  སྦྱར་བའི་རྒྱན་གྱི་ནང་གསེས་དང་པོ་ཤར་ཕྱོགས་པས་འདོད་པའི་རྒྱལ་རྒྱན། ཡང་ཡང་བསྐོར་བ་ཤར་པའི་ལུགས། ། སྲོག་ཆེན་ཤས་ཆེ་སྲོག་ཆུང་ཡང་། །འགའ་ཞིག་བསྲེས་པ་ལྷོ་པའི་ལུགས། །7ཐུན་མོང་མ་ཡིན་པའི་རྒྱན་བཅུའི་ནང་གསེས་གཉིས་པ་རབ་དྭངས་བཤད་པ།  ༈ཐུན་མོང་འཇིག་རྟེན་ལ་གྲགས་ཤིང་། ། རབ་དྭངས་ཀྱི་ནང་གསེས་དང་པོ་ལྷོ་ཤར་ཐུན་མོང་གི་རབ་དྭངས་ནི། གོ་སྦ་དོན་གསལ་རབ་དྭངས་ཡིན། །འཇིག་རྟེན་ལ་ནི་གྲགས་མིན་ཀྱང་། །སྒྲ་བཤད་རུང་བར་འགའ་ཞིག་འདོད། །8ཐུན་མོང་མ་ཡིན་པའི་རྒྱན་གྱི་ནང་གསེས་གསུམ་པ་མཉམ་ཉིད་བཤད་པ།  ༈མཉམ་པ་སྦྱོར་བ་མི་མཉམ་བྲལ། །མཉམ་ཉིད་ཀྱི་ནང་གསེས་དང་པོ་ལྷོ་ཕྱོགས་པའི་འདོད་པ། དེ་ནི་འཇམ་རྩུབ་བར་མ་སྟེ། ། ཚིག་སྦྱོར་འཇམ་རྩུབ་བར་མ་ཡི། །ཡི་གེ་བཀོད་པའི་སྐྱེ་གནས་ཅན། ། འཇམ་རྩུབ་གྲངས་ནི་མི་མཉམ་ཡང་། །མཉམ་ཉིད་ཀྱ་ནང་གསེས་གཉིས་པ་ཤར་ཕྱོགས་པའི་མཁས་པ་རྣམས་ཀྱིས་བཞེད་པ་ལྟར་ན། དབྱེ་བ་ལྡན་པ་ཤར་པའི་ལུགས། །ཐུན་མོང་མ་ཡིན་པའི་རྒྱན་གྱི་ནང་གསེས་བཞི་པ་སྙན་པ་བཤད་པ། སྙན་པ་ཚིག་དང་དོན་གཉིས་ཀར། ། སྙན་པའི་ནང་གསེས་དང་པོ་སྙན་པའི་ཡོན་ཏན་ངོས་གཟུང་བ་ནི། སྒྲ་དང་དོན་གྱི་ཉམས་དང་ལྡན། །སྒྲ་ནི་གང་དང་ཅི་ཡིས་ཀྱང་། །གང་ཞིག་མཚུངས་པར་ཉམས་མྱོང་བ། །དེ་ཡི་གཟུགས་སོགས་ཚིག་ཉེ་བ། །རྗེས་སུ་ཁྲིད་བཅས་ཉམས་དང་ལྡན། །གཽ་ཌཱ་པས་ནི་འདི་མི་འདོད། །སྙན་པའི་ནང་གསེས་གསུམ་པ་ཤར་ཕྱོགས་པས་བཞེད་པ་ལྟར་གྱི་ཚིག་རྒྱན་སྦྱོར་ཚུལ་ནིདེ་དག་རྗེས་སུ་ཁྲིད་ལ་དགའ། ། རྐང་པ་རྣམས་དང་ཚིག་རྣམས་ལ། ། སྙན་པའི་ནང་གསེས་བཞི་པ་ཤར་ལྷོ་གཉིས་ཀ་མཐུན་མོང་དུ་འདོད་ཅིང་།  གཙོ་བོ་ཤར་ཕྱོགས་པའི་འདོད་པའི་རྗེས་ཁྲིད་བཤད་པ་ནི། ཡི་གེ་བསྐོར་བ་རྗེས་སུ་ཁྲིད། །གལ་ཏེ་སྔ་མའི་ཉམས་མྱོང་ནི། །འདུ་བྱེད་རྟོག་བྱེད་མི་རིང་ཉིད། །སྙན་པའི་ནང་གསེས་ལྔ་པ་ཚིག་ལ་སྐོར་བའི་རྗེས་ཁྲིད་ནི།  ཚིག་བཅད་ཀྱི་ཚིག་རྐང་རང་རང་ལ་མིང་བཞིའི་ཡི་གེ་འདྲ་བར་སྦྱར་བ་ཞིག དཔེར་བརྗོད།  ཙ་རུ་ཙཱ་ནྡ་སམ་བྷཱི་རུ། ། བིམྦ་མྦ་ཤྱིདི་མམྦརེ། །     མ་ནྨནོམནྨཐ་ཀླཱནཏ་ན། ། ནི་རྡ་ཡམ་ཀརྟུ་མྱ་དྱ་ཏམ། ། བོད་སྐད་དུ།  མཛེས་མ་མཁའ་ལ་ཟླ་བ་ཡི། ། དཀྱིལ་འཁོར་མཛེས་པའི་བདག་གི་ཡིད། ། ཡིད་སྲུབས་ཀྱིས་མནན་བརྩེ་མེད་དུ། ། འཇོམས་པར་བརྩོན་པ་འདི་ལ་ལྟོས། །ཡང་ན་ཤིན་ཏུ་མི་རིང་བར། །སྙན་པའི་ནང་གསེས་དྲུང་པ་རིང་བར་ཐོས་པའི་རྗེས་ཁྲིད། ཐོས་པ་དག་ནི་རྗེས་ཁྲིད་འདོད། །བསྐོར་བ་ཁོ་ན་ཚོགས་པ་ཡི། །སྙན་པའི་ནང་གསེས་བདུན་པ་ཟུང་ལྡན་གྱི་སྐོར་ལེའུ་གསུམ་པའི་སྐབས་སུ་འཆད་པར་འགྱུར་རོ་ཞེས་སྟོན་པ་ནི། སྤྱོད་ཡུལ་ཟུང་དང་ལྡན་པར་རིག། དེ་ཡང་གཅིག་ཏུ་སྙན་པ་མིན། །དེ་ཕྱིར་ཕྱི་ནས་བཤད་པར་བྱ། ། ༈ངེས་པར་རྒྱན་རྣམས་ཀུན་ལ་ཡང་། ། སྙན་པའི་ནང་གསེས་བརྒྱད་པ་དོན་གྱི་ཉམས་གཏོད་ཚུལ་མདོར་བསྟན་པ་ནི། དོན་གྱི་ཉམས་དག་སྦྱིན་པར་བྱེད། །དེ་ལྟ་ན་ཡང་གྲོང་པ་ཉིད། །མིན་པའི་ཁུར་འདི་ཕལ་ཆེར་འཛིན། །10ཐུན་མོང་མ་ཡིན་པའི་རྒྱན་གྱི་ནང་གསེས་ལྔ་པ་ཤུན་ཏུ་གཞོན་པ་བཀད་པ།  ༈དོན་ནི་ཟབ་རྒྱས་ཉིད་མིན་ལ། །    ཤིན་ཏུ་གཞོན་པའི་ནང་གསེས་དང་པོ་ལྷོ་ཕྱོགས་པའི་འདོད་པ་སྟོན་པ་ནི།  རྒྱན་གྱི་ཉམས་ཀྱང་ཡོད་མིན་པའི། །འཇམ་པའི་ཡི་གེ་མང་བ་ནི། །ཤིན་ཏུ་གཞོན་པ་ཉིད་དུ་འདོད། །གང་ཕྱིར་ཐབས་ཅད་འཇམ་པ་ནི། །སྦྱོར་བ་ལྷོད་པའི་སྐྱོན་དུ་བཤད། །ཤར་པས་ཕལ་ཆེར་རྩུབ་པ་ཡིས། ། ཤིན་ཏུ་གཞོན་པའི་ནང་གསེས་གཉིས་པ་ཤར་ཕྱོགས་པའི་བཞེད་པ་སྟོན་པ་ནི། བརྗོད་པར་དཀའ་བ་དག་ཀྱང་སྦྱོར། །11ཐུན་མོང་མ་ཡིན་པའི་རྒྱན་གྱི་ནང་གསེས་དྲུང་པ་དོན་གསལ་བཤད་པ།  ༈དོན་གསལ་དོན་བརྟག་མི་དགོས་ཉིད། ། དོན་གསལ་གྱི་ནང་གསེས་དང་པོ་ཤར་ལྷོ་ཐུན་མོང་དུ་འདོད་པའི་དོན་གསལ་གྱི་ཡོན་ཏན་བཤད་པ་ནི། ལྷོ་ཤར་གཉིས་ཀ་བཞེད་པ་མཐུན། །བརྗོད་བྱའི་དོན་གང་བདེ་བླག་ཏུ། །དོན་གསལ་གྱི་ནང་གསེས་གཉིས་པ་ཤར་ཕྱོགས་པ་འགའ་ཞིག་གིས་འདོད་པ་བསྟན་པ་ནི། རྟོགས་པའི་སྐལ་བཟང་མི་ལྡན་ཞིང་། །སྒྲ་ཡི་ཚུལ་ལུགས་ལས་འགོངས་པ། །འདི་འདྲ་ཕལ་ཆེར་བཞེད་མ་ཡིན། །12ཐུན་མོང་མ་ཡིན་པའི་རྒྱན་གྱི་ནང་གསེས་བདུན་པ་རྒྱ་ཆེ་བ་བཤད་པ།  ༈གང་དུ་འགའ་ཞིག་བརྗོད་པ་ལ། ། རྒྱ་ཆེ་བའི་ནང་གསེས་དང་པོ་ལྷོ་ཕྱོགས་པའི་བཞེད་པ་སྟོན་པ། ཁྱད་འཕགས་ལྡན་པའི་ཡོན་ཏན་རྟོགས། ། དེ་ནི་རྒྱ་ཆེར་བརྗོད་དེ་དེས། །སྙན་ངག་ལམ་ཀུན་ཡོངས་སུ་མཛེས། །བསྔགས་པར་འོས་པའི་ཁྱད་པར་དང་། །རྒྱ་ཆེ་བའི་རྒྱན་གྱི་ནང་གསེས་གཉིས་པ་ཤར་ཕྱོགས་པ་འགའ་ཞིག་གི་བཞེད་པ་སྟོན་པ་ནི། ལྡན་པ་རྒྱ་ཆེར་འགའ་ཞིག་འདོད། །13ཐུན་མོང་མ་ཡིན་པའི་རྒྱན་གྱི་ནང་གསེས་བརྒྱད་པ་བརྗིད་པ་བཤད་པ།  ༈བརྗིད་པ་ཚིག་སྡུད་མང་པོ་ཉིད། ། བརྗིད་པའི་རྒྱན་གྱི་ནང་གསེས་དང་པོ་ཤར་ལྷོ་ཐུན་མོང་གི་བཞིད་པ་སྟོན་པ། འདི་ནི་ལྷུག་པ་དག་གི་གསོས། །ཚིགས་བཅད་ལ་ཡང་ཤར་ཕྱོགས་པ། །ཚིག་སྡུད་མང་བ་གལ་ཆེར་བཞེད། །དེ་ལ་ལྕི་དང་ཡང་བ་རྣམས། །   བརྗིད་པའི་ནང་གསེས་གཉིས་པ་ཤར་ཕྱོགས་པའི་བཞེད་པ་སྟོན་པ་ནི། མང་དང་ཉུང་བ་ཉིད་སྤེལ་བས། །མཐོ་དམའ་ཡི་ནི་རྣམ་པ་དེ། །བརྗོད་པ་ལ་སོགས་རྣམས་ལ་ལྟ། །ལྕི་ཡང་གྲངས་ནི་ཆ་མཉམ་ཞིང་། །བརྗིད་པའི་རྒྱན་ཀྱི་ནང་གསེས་གཉིས་པ་ལྷོ་ཕྱོགས་པའི་བཞེད་པ་སྟོན་པ་ནི། ཚིག་དོན་མཛེས་པས་བརྗིད་པའང་འདོད། །14ཐུན་མོང་མ་ཡིན་པའི་རྒྱན་གྱི་ནང་གསེས་དགུ་པ་མཛེས་པ་བཤད་པ།  ༈འཛེས་པ་འཇིག་རྟེན་གྲགས་པ་ལས། ། མཛེས་པའི་རྒྱན་གྱི་ནང་གསེས་དང་པོ་ལྷོ་ཕྱོགས་པའི་བཞེད་པ་སྟོན་པ། མ་འདས་དོན་དང་མཐུན་པའོ། །འཇིག་རྟེན་འདས་ཤིང་བརྗོད་འདོད་ཀྱིས། །མཛེས་པའི་རྒྱན་གྱི་ནང་གསེས་གཉིས་པ་ཤར་ཕྱོགས་པའི་བཞེད་པ་སྟོན་པ་ནི། དོན་གང་འུད་ཆེས་བརྗོད་གྱུར་པ། །འདི་ནི་ཧ་ཅང་བརྗོད་པ་སྟེ། །གཽ་ཌཱ་པ་ལ་མཛེས་པར་བརྗོད། །15ཐུན་མོང་མ་ཡིན་པའི་རྒྱན་གྱི་ནང་གསེས་བཅུ་པ་ཏིང་ངེ་འཛིན་བཤད་པ།  ༈གཞན་གྱི་ཆོས་དེ་གཞན་དག་ལ། ། ཏིང་ངེ་འཛིན་གྱི་སྤྱིའི་ངོ་བོ་སྟོན་པ། འཇིག་རྟེན་ལུགས་ཀྱི་རྗེས་འབྲངས་ནས། །ཆོས་དང་ཆོས་ཅན་ཕན་ཚུན་དུ། །ཡང་དག་སྦྱོར་བ་ཏིང་འཛིན་རྒྱན། །དབྱེ་བ་སྤྱི་ཙམ་བཀོད་པ་དང་། །   ཏིང་ངེ་འཛིན་རྒྱན་གྱི་དབྱེ་བ་བཤད་པ།               དབྱེ་བ་གསུམ་སྟེ།  ༡ཆོས་སྤྱི་ཙམ་བཀོད་པ། ཆོས་ནི་གཅིག་དང་དུ་མ་ཉིད། ། ༢ཆོས་གཅིག་ཙམ་བཀོད་པ།  ༣ཆོས་དུ་མ་བཀོད་པ་ཞེས་བྱ་བའི་རྒྱན་གསུམ་རེ་རེ་བཞིན་ངོས་འཛིན་དགོས། བཀོད་པ་ཞེས་བྱའི་རྒྱན་འདི་ནི། །སྙན་ངག་གི་རྒྱན་ཐམས་ཅན་ཀྱི་ནང་ནས་ཉམས་འདོན་ཚུལ་ཁྱད་པར་དུ་འཕགས་པ་ཞིག་ཡིན། སྙན་ངག་རྒྱན་ལ་ཁྱད་པར་འཕགས། །དེ་དག་དབྱེ་བ་སྙན་ངག་མཁན། །16ཐུན་མོང་མ་ཡིན་པའི་རྒྱན་གྱི་མཇུག་བསྡུ་བ་ནི། སོ་སོ་ལ་གནས་བརྗོད་མི་ནུས། །བུར་ཤིང་འོ་མ་བུར་སོགས་ཀྱི། །མངར་བ་ཉིད་ཀྱི་ཁྱད་པར་ཆེ། །སྙན་ངག་སྤྱི་ཡི་དོན་བསྡུས་པ། །དང་པོའི་སྡོམ་ཙམ་བསྟན་ཟིན་ཏོ། །ལེའུ་གཉིས་པ།  ༈གཉིས་པ་ཐུན་མོང་རྒྱན་དེ་ལ། ། ཐུན་མོང་བའི་རྒྱན་གསུམ། དབྱེ་ན་དོན་རྒྱན་སྒྲ་རྒྱན་དང་། ། དོན་རྒྱན།  སྒྲ་རྒྱན། གབ་ཚིག་རྒྱན་ཏེ་རྣམ་པ་གསུམ། ། གབ་ཚིག་གི་རྒྱན། ཐོག་མར་དོན་རྒྱན་བཤད་པར་བྱ། ། དོན་རྒྱན་ལ་ཉེར་ལྔ།  ༈རང་བཞིན་བརྗོད་དང་དཔེ་དང་ནི། །༡རང་བཞིན་བརྗོད་པའི་རྒྱན།   ༢དཔེ་རྒྱན། གཟུགས་ཅན་གསལ་བྱེད་བསྐོར་བ་དང་། །  ༣གཟུགས་ཅན་གྱི་རྒྱན།  ༤གསལ་བྱེད་ཀྱི་རྒྱན།  ༥བསྐོར་བའི་རྒྱན། འགོག་དང་དོན་གཞན་བཀོད་པ་དང་། ། ༦འགོག་པའི་རྒྱན།  ༧དོན་གཞན་བཀོད་པའི་རྒྱན། ལྡོག་པ་ཅན་དང་སྲིད་པ་ཅན། ། ༨ལྡོག་པ་ཅན་གྱི་རྒྱན།  ༩སྲིད་པ་ཅན་གྱི་རྒྱན། བསྡུས་དང་ཕུལ་བྱུང་རབ་རྟོག་དང་། ། ༡༠བསྡུས་བརྗོད་ཀྱི་རྒྱན།  ༡༡ཕུལ་བྱུང་གི་རྒྱན།  ༡༢རབ་རྟོག་གི་རྒྱན། རྒྱུ་དང་ཕྲ་མོ་ཆ་དང་རིམ། ། ༡༣རྒྱུའི་རྒྱན། ༡༤ཕྲ་མོའི་རྒྱན། ༡༥ཆའི་རྒྱན། ༡༦རིམ་པ་ཅན་གྱི་རྒྱན། དགའ་དང་ཉམས་ལྡན་གཟི་བརྗིད་ཅན། །༡༧དགའ་བའི་རྒྱན། ༡༨ཉམས་ལྡན་གྱི་རྒྱན། ༡༩གཟི་བརྗིད་ཅན་གྱི་རྒྱན། རྣམ་གྲངས་བརྗོད་དང་ཀུན་ཏུ་ཕན། །  ༢༠རྣམ་གྲངས་བརྗོད་པའི་རྒྱན། ༢༡ཀུན་ཕན་གྱི་རྒྱན། རྒྱ་ཆེ་བསྙོན་དོར་སྦྱར་བ་དང་། །༢    ༢རྒྱ་ཆེ་བའི་རྒྱན། ༢༣བསྙོན་དོར་གྱི་རྒྱན། ༢༤སྦྱར་བའི་རྒྱན།  ཁྱད་པར་མཚུངས་པར་སྦྱོར་བ་དང་། །  ༢༥ཁྱད་པར་བརྗོད་པའི་རྒྱན། ༢༦མཚུངས་སྦྱོར་གྱི་རྒྱན། འགལ་དང་སྐབས་མིན་བསྟོད་པ་དང་། །  ༢༧འགལ་བའི་རྒྱན། ༢༨སྐབས་མིན་བསྟོད་པའི་རྒྱན། ཟོལ་བསྟོད་ངེས་བསྟན་ལྷན་ཅིག་བརྗོད། ། ༢༩ཟོལ་བསྟོད་ཀྱི་རྒྱན། ༣༠ངེས་བསྟན་གྱི་རྒྱན། ༣༡ལྷན་ཅིག་བརྗོད་པའི་རྒྱན། ཡོངས་བརྗེས་ཤིས་བརྗོད་རབ་སྤེལ་དང་། ། ༣༢ཡོང་བརྗེད་ཀྱི་རྒྱན། ༣༣ཤིས་བརྗོད་ཀྱི་རྒྱན། ༣༤རབ་སྤེལ་གྱི་རྒྱན། དགོངས་པ་ཅན་ཏེ་སོ་ལྔའོ། །༢༥དགོངས་པ་ཅན་གྱི་རྒྱན་བཅས་སོ།  ༈དོན་རྒྱན་སོ་སོའི་དབྱེ་བ་ལ། །རང་བཞིན་བརྗོད་བཞི་དཔེ་རྒྱན་ནི། །༡རང་བཞིན་བརྗོད་པའི་རྒྱན༤།   ༢དཔེ་རྒྱན༣༢། སོ་གཉིས་གཟུགས་ཅན་ཉི་ཤུ་སྟེ། །༣གཟུགས་ཅན་གྱི་རྒྱན༢༠།                         གསལ་བྱེད་བཅུ་གཉིས་བསྐོར་རྒྱན་གསུམ། ། ༤གསལ་བྱེད་ཀྱི་རྒྱན༡༢།  ༥བསྐོར་བའི་རྒྱན༣། འགོག་རྒྱན་ཉེར་གསུམ་དོན་གཞན་བརྒྱད། ། ༦འགོག་པའི་རྒྱན༢༣།  ༧དོན་གཞན་བཀོད་པའི་རྒྱན༨། ལྡོག་རྒྱན་བཅུ་དང་སྲིད་རྒྱན་གསུམ། ། ༨ལྡོག་པ་ཅན་གྱི་རྒྱན༡༠། ༩སྲིད་པ་ཅན་གྱི་རྒྱན༣། བསྡུས་བརྗོད་བཞི་དང་ཕུལ་བྱུང་བཞི། །   ༡༠བསྡུས་བརྗོད་ཀྱི་རྒྱན༤། ༡༡ཕུལ་བྱུང་གི་རྒྱན༤། རབ་རྟོག་གསུམ་དང་རྒྱུ་རྒྱན་ནི། །༡༢རབ་རྟོག་གི་རྒྱན༣། ༡༣རྒྱུའི་རྒྱན༡༦། བཅུ་དྲུག་ཕྲ་མོའི་རྒྱན་ལ་གཉིས། །༡༤ཕྲ་མོའི་རྒྱན༢། ཆ་རྒྱན་བཞི་དང་རིམ་རྒྱན་གཅིག། ༡༥ཆའི་རྒྱན༤། ༡༦རིམ་པ་ཅན་གྱི་རྒྱན༡། དགའ་རྒྱན་གཉིས་དང་ཉམས་ལྡན་བརྒྱད། ། ༡༧དགའ་བའི་རྒྱན༢། ༡༨ཉམས་ལྡན་གྱི་རྒྱན༨། གཟི་བརྗིད་རྣམས་གྲངས་ཀུན་ཕན་གསུམ། །༡༩གཟི་བརྗིད་ཅན་གྱི་རྒྱན། ༢༠རྣམ་གྲངས་བརྗོད་པའི་རྒྱན། ༢༡ཀུན་ཕན་གྱི་རྒྱན། རེ་རེ་ཉིད་ཡིན་རྒྱ་ཆེ་གཉིས། །༢༢རྒྱ་ཆེ་བའི་རྒྱན༢། བསྙོན་དོར་གསུམ་དང་སྦྱར་རྒྱན་དགུ། །  ༢༣བསྙོན་དོར་གྱི་རྒྱན༣། ༢༤སྦྱར་བའི་རྒྱན༩། ཁྱད་པར་རྒྱན་ལྔ་མཚུངས་སྦྱོར་གཉིས། ། ༢༥ཁྱད་པར་བརྗོད་པའི་རྒྱན༥། ༢༦མཚུངས་སྦྱོར་གྱི་རྒྱན༢། འགལ་བའི་རྒྱན་དྲུག་སྐབས་མིན་བསྟོད། །༢༧འགལ་བའི་རྒྱན༦། ༢༨སྐབས་མིན་བསྟོད་པའི་རྒྱན༡། གཅིག་དང་ཟོལ་བསྟོད་རྒྱན་ནི་གསུམ། །༢༩ཟོལ་བསྟོད་ཀྱི་རྒྱན༣། ངེས་བསྟན་གཉིས་དང་ལྷན་ཅིག་བརྗོད། །༣༠ངེས་བསྟན་གྱི་རྒྱན༢།  ༣༡ལྷན་ཅིག་བརྗོད་པའི་རྒྱན༣། རྣམ་གསུམ་ཡོངས་བརྗེས་ཤིས་བརྗོད་རེ། ། ༣༢ཡོང་བརྗེད་ཀྱི་རྒྱན༡།  ༣༣ཤིས་བརྗོད་ཀྱི་རྒྱན༡། རབ་སྤེལ་གཉིས་དང་དགོངས་རྒྱན་གཅིག། ༣༤རབ་སྤེལ་གྱི་རྒྱན༢།  ༢༥དགོངས་པ་ཅན་གྱི་རྒྱན་༡། དེ་ལྟར་མེ་ལོང་གཞུང་ཉིད་ལས། །དཔེར་བརྗོད་དངོས་སུ་ཟིན་པའི་གྲངས། །ཀུན་དྲིལ་ཉིས་བརྒྱ་རྩ་གསུམ་དང་། །ཤུགས་བསྟན་གཅིག་སྟེ་འོག་ཏུ་འཆད། ། ༈དངོས་པོའི་རང་བཞིན་གནས་སྐབས་སོགས། ། དོན་རྒྱན1རང་བཞིན་བརྗོད་པའི་རྒྱན་གྱི་གོ་དོན། གང་ཡིན་དེ་ལས་གཞན་དུ་ནི། །སྒྲོ་འདོགས་མེད་པར་དྲང་པོ་རུ། །བརྗོད་པ་རང་བཞིན་བརྗོད་པའི་རྒྱན། །རང་བཞིན་བརྗོད་པའི་རྒྱན་བཞི།  ༈དབྱེ་བ་རིགས་དང་བྱ་བ་དང་། །༡རིགས།  ༢བྱ་བ། ཡོན་ཏན་རྫས་དང་བཞི་རུ་འདོད། ། ༣ཡོན་ཏན།  ༤རྫས།  ༈རིགས་སྤྱིའི་ཆོས་རྣམས་དྲང་པོར་བརྗོད། ། རིགས་རང་བཞིན་བརྗོད་པའི་གོ་དོན། རིགས་ཀྱི་རང་བཞིན་བརྗོད་པར་འདོད། །བྱ་བ་གཙོར་སྟོན་དྲང་པོའི་ངག། བྱ་བ་རང་བཞིན་བརྗོད་པའི་གོ་དོན། བྱ་བའི་རང་བཞིན་བརྗོད་པར་འདོད། །ཡོན་ཏན་གཙོར་སྟོན་དྲང་པོའི་ངག། ཡོན་ཏན་རང་བཞིན་བརྗོད་པའི་གོ་དོན། ཡོན་ཏན་རང་བཞིན་བརྗོད་ཅེས་བྱ། །རྫས་ཀྱི་དངོས་པོ་དྲང་པོར་བརྗོད། །རྫས་རང་བཞིན་བརྗོད་པའི་གོ་དོན། རྫས་བརྗོད་རང་བཞིན་རྒྱན་ཞེས་བྱ། ། ༈དཔེ་དོན་ཐ་དད་བཀོད་པ་ལས། ། དོན་རྒྱན2པེ་རྒྱན་ཡི་གོ་དོན། མཚུངས་པར་རྟོགས་བྱེད་དཔེ་རྒྱན་ཡིན། ། ༈དཔེ་དོན་སྦྱོར་ཚུལ་སོ་གཉིས་ཏེ། ། དཔེ་རྒྱན་སོ་གཉིས་མིང་གི་རྣམ་གྲངས་སྟོན་པ། ཆོས་དཔེ་དངོས་དཔེ་བཟློག་པ་དང་། ། ༡ཆོས་དཔེ།  ༢དངོས་པོའི་དཔེ།  ༣བཟློག་པའི་དཔེ། ཕན་ཚུན་ངེས་དང་ངེས་མེད་བསྡུས། ། ༤ཕན་ཚུན་གྱི་དཔེ།  ༥ངེས་པའི་དཔེ།  ༦ངེས་པ་མེད་པའི་དཔེ།  ༧བསྡུས་པའི་དཔེ། ཕུལ་བྱུང་རབ་བཏགས་རྨད་བྱུང་རྨོངས། །༨ཕུལ་བྱུང་གི་དཔེ།  ༩རབ་བཏགས་ཀྱི་དཔེ།  ༡༠རྨད་བྱུང་གི་དཔེ།  ༡༡རྨོངས་པའི་དཔེ། ཐེ་ཚོམ་གཏན་འབེབས་སྦྱར་མཉམ་ཉིད། །༡༢ཐེ་ཚོམ་གྱི་དཔེ།  ༡༣གཏན་འབེབས་ཀྱི་དཔེ།  ༡༤སྦྱར་བའི་དཔེ།  ༡༥མཉམ་ཉིད་ཀྱི་དཔེ། སྨད་དང་བསྔགས་དང་བརྗོད་འདོད་དང་། ། ༡༦སྨད་པའི་དཔེ།  ༡༧བསྔགས་པའི་དཔེ།  ༡༨བརྗོད་འདོད་ཀྱི་དཔེ། འགལ་དང་འགག་པ་ངོ་བསྟོད་དང་། །    ༡༩འགལ་བའི་དཔེ།  ༢༠དགག་པའི་དཔེ།  ༢༡ངོ་བསྟོད་ཀྱི་དཔེ། དེ་ཉིད་བརྗོད་དང་ཐུན་མོང་མིན། ། ༢༢དེ་ཉིད་བརྗོད་པའི་དཔེ།  ༢༣ཐུན་མོང་མིན་པའི་དཔེ། བྱུང་མིན་སྲིད་མིན་མང་བ་དང་། །   ༢༤བྱུང་མིན་གྱི་དཔེ།  ༢༥སྲིད་མིན་གྱི་དཔེ།  ༢༦མང་བའི་དཔེ། རྣམ་འགྱུར་ཕྲེང་བ་ངག་དོན་གཉིས། ། ༢༧རྣམ་འགྱུར་གྱི་དཔེ།  ༢༨ཕྲེང་བའི་དཔེ།  ༢༩ངག་དོན་གྱི་དཔེ་གཉིས། ཟླ་བོའི་དངོས་དང་མཚུངས་སྦྱོར་རྒྱུ། །  ༣༠ཟླ་བོ་དངོས་པོའི་དཔེ།  ༣༡མཚུངས་སྦྱོར་གྱི་དཔེ།  ༣༢རྒྱུ་ཡི་དཔེ།  ༈དཔེ་དང་དཔེ་ཅན་མཚུངས་པའི་ཆོས། །༡ཆོས་དཔེའི་གོ་དོན། མཇུག་ཏུ་བཀོད་པ་ཆོས་དཔེར་འདོད། ། ༈དཔེ་དང་དཔེ་ཅན་ཙམ་ཞིག་ལས། །༢དངོས་པོ་དཔེའི་གོ་དོན། མཚུངས་ཆོས་མི་སྟོན་དངོས་པོའི་དཔེ། ། ༈དཔེ་དང་དཔེ་ཅན་གོ་ལྡོག་ནས། །༣བཟློག་པའི་དཔེའི་གོ་དོན། དེ་གཉིས་མཚུངས་སྟོན་བཟློག་པའི་དཔེ། ། ༈དཔེ་དང་དཔེ་ཅན་ཕན་ཚུན་དུ། །༤ཕན་ཚུན་དཔེའི་གོ་དོན། འཇལ་རེས་བྱེད་པ་ཕན་ཚུན་དཔེ། ། ༈དཔེར་བཀོད་དེ་ལས་གཞན་མཚུངས་དཔེ། །༥ངེས་པའི་དཔེའི་གོ་དོན། ཡོད་པ་འགོག་བྱེད་ངེས་པའི་དཔེ། ། ༈དཔེར་བཀོད་དེ་མཚུངས་གཞན་དག་ཀྱང་། །༦ངེས་པ་མེད་དཔེའི་གོ་དོན། ཡོད་ན་དཔེར་འོས་ངེས་མེད་དཔེ། ། ༈ཕྱོགས་རེས་མཚུངས་མིན་གཞན་གྱིས་ཀྱང་། །༧བསྡུས་པའི་དཔེའི་གོ་དོན། མཚུངས་པར་སྟོན་པ་བསྡུས་པའི་དཔེ། ། ༈འདྲ་མིན་ཁྱད་པར་གཉིས་ལས་གཞན། །༨ཕུལ་བྱུང་དཔེའི་གོ་དོན། མེད་པར་བརྗོད་པ་ཕུལ་བྱུང་དཔེ། ། ༈དཔེ་དེར་མ་སྙེམས་གཞན་ལ་ཡང་། །༩རབ་བཏགས་དཔེའི་གོ་དོན། འདྲ་ཆོས་ཡོད་ཅེས་རབ་བཏགས་དཔེ། ། ༈དཔེ་དེར་ཁྱད་ཆོས་དེ་ལྡན་ན། །༡༠རྨད་བྱུང་དཔེའི་གོ་དོན། དཔེར་འོས་ཞེས་བརྗོད་རྨད་བྱུང་དཔེ། ། ༈དཔེ་དང་དཔེ་ཅན་ཕན་ཚུན་དུ། །༡༡རྨོངས་པའི་དཔེའི་གོ་དོན། འཁྲུལ་བར་སྟོན་པ་རྨོངས་པའི་དཔེ། ། ༈ཆོས་མཚུངས་དཔེ་དང་དཔེ་ཅན་གཉིས། །༡༢ཐེ་ཚོམ་དཔེའི་གོ་དོན། དབྱེ་བ་འབྱེད་མིན་ཐེ་ཚོམ་དཔེ། ། ༈འདྲ་དང་འདྲ་མིན་ཆོས་གཞན་གྱིས། །༡༣གཏན་འབེབས་དཔེའི་གོ་དོན། དཔེ་དང་དབྱེ་འབྱེད་གཏན་འབེབས་དཔེ། ། ༈གཉིས་ལས་མི་ཉུང་དོན་སྦྱར་ཞིང་། །༡༤སྦྱར་བའི་དཔེའི་གོ་དོན། མཚུངས་སྒྲ་ལྡན་པ་སྦྱར་བའི་དཔེ། ། ༈སྒྲ་གཅིག་གཅོད་མཚམས་མིང་གཅིག་ལ། །༡༥མཉམ་ཉིད་དཔེའི་གོ་དོན། དོན་གཉིས་མཚུངས་སྦྱར་མཉམ་ཉིད་དཔེ། ། ༈མཚུངས་དཔེ་འགའ་ཡིས་སྐྱོན་བརྗོད་དེ། །༡༦སྨད་པའི་དཔེའི་གོ་དོན། དཔེ་ལ་སྨོན་པ་སྨད་པའི་དཔེ། ། ༈ཆོས་མཚུངས་དཔེ་འགའ་སྔོན་བཀོད་ནས། །༡༧བསྔགས་པའི་དཔེའི་གོ་དོན། དེ་དང་མཚུངས་ཞེས་བསྔགས་པའི་དཔེ། ། ༈སྐྱོན་ཡོན་ཇི་ལྟར་ལྡན་གྱུར་ཀྱང་། །༡༨བརྗོད་འདོད་དཔེའི་གོ་དོན། དཔེ་དོན་མཚུངས་ཞེས་བརྗོད་འདོད་དཔེ། ། ༈ཆོས་མཚུངས་དཔེ་དང་དཔེ་ཅན་གཉིས། །༡༩འགལ་བའི་དཔེའི་གོ་དོན། འགལ་བར་བརྗོད་པ་འགལ་བའི་དཔེ། ། ༈དཔེ་ཡི་སྐྱོན་འགས་མཚུངས་པའི་དཔེར། །༢༠དགག་པའི་དཔེའི་གོ་དོན། མི་འོས་ཞེས་འགོག་དགག་པའི་དཔེ། ། ༈མཚུངས་ཆོས་ཆ་ཚང་མི་ལྡན་ཀྱང་། །༢༡ངོ་བསྟོད་དཔེའི་གོ་དོན། དཔེ་དོན་མཚུངས་ཞེས་ངོ་བསྟོད་དཔེ། ། ༈མཚུངས་ཆོས་ལྡན་འདི་དཔེ་མིན་ཞིང་། །༢༢དེ་ཉིད་བརྗོད་པའི་དཔེའི་གོ་དོན། དཔེ་ཅན་ཡིན་ཞེས་དེ་ཉིད་དཔེ། ། ༈ཆོས་མཚུངས་དཔེ་འགས་མཚུངས་མིན་པས། །༢༣ཐུན་མོང་མིན་པའི་དཔེའི་གོ་དོན། རང་ཉིད་དཔེར་སྟོན་ཐུན་མོང་མིན། ། ༈དཔེ་ཡི་ཁྱད་ཆོས་ཀུན་བསྡུས་པ། །༢༤བྱུང་མིན་དཔེའི་གོ་དོན། ཁྱོད་ལ་ལྡན་ཞེས་བྱུང་མིན་དཔེ། ། ༈དཔེ་ལ་སྐྱོན་དེ་མེད་པ་ལྟར། །༢༥སྲིད་མིན་དཔེའི་གོ་དོན། དཔེ་ཅན་མཚུངས་ཞེས་སྲིད་མིན་དཔེ། ། ༈ཆོས་མཐུན་དཔེ་འགའི་ཁྱད་ཆོས་གཅིག། ༢༦མང་བའི་དཔེའི་གོ་དོན། དོན་ལ་ལྡན་ཞེས་མང་བའི་དཔེ། ། ༈ཆོས་མཚུངས་དཔེ་ཅན་དཔའི་ནང་ནས། །༢༧རྣམ་འགྱུར་དཔེའི་གོ་དོན། ཕྱུང་བ་ལྟར་བརྗོད་རྣམ་འགྱུར་དཔེ། ། ༈འབྲེལ་མཚུངས་དཔེ་འགའ་སྔ་ཕྱི་རུ། །༢༨ཕྲེང་བའི་དཔེའི་གོ་དོན། དཔེ་ཅན་ལྟར་བརྗོད་ཕྲེང་བའི་དཔེ། ། ༈བྱིན་ཅན་གསུམ་གཉིས་གཙོར་བྱས་ཤིང་། །༢༩ངག་དོན་གྱི་དཔེའི་གོ་དོན། དོན་དང་དཔེ་ཡི་སོ་སོའི་ཆོས། །རིམ་བཞིན་བཀོད་མཐར་ཐུན་མོང་གི། མཚུངས་ཆོས་གཅིག་སྦྱར་ངག་དོན་དཔེ། ། ༈དཔེ་ཅན་སོ་སོར་མི་འདྲའི་དཔེ། ། ༢༩བའི་ནང་གསེས་བཞིན་སྒྲ་དུ་མའི་དཔེའི་གོ་དོན། བཀོད་པའི་བཞིན་སྒྲ་འགའ་ཞིག་མཐར། །ཐུན་མོང་མཚུངས་ཆོས་གཅིག་སྦྱོར་བ། །དེ་ནི་བཞིན་སྒྲ་དུ་མའི་དཔེ། ། ༈སྔ་ཕྱིར་དོན་དང་དཔེ་བཀོད་པས། །༣༠ཟླ་བོ་དངོས་པོའི་དཔེ་འི་གོ་དོན། མཉམ་རྟོགས་ཟླ་བོ་དངོས་པོའི་དཔེ། ། ༈དཔེ་ལྷག་དོན་དམན་བྱ་བ་གཅིག། ༣༡མཚུངས་སྦྱོར་དཔེའི་གོ་དོན། དཔེ་དོན་མཚུངས་སྟོན་མཚུངས་སྦྱོར་དཔེ། ། ༈མཚུངས་ཆོས་དེ་ཉིད་རྒྱུ་མཚན་དུ། །༣༢རྒྱུའི་དཔེ་གོ་དོན། བཀོད་ནས་མཚུངས་སྟོན་རྒྱུ་ཡི་དཔེ། ། ༈རྟགས་ཚིག་ཐ་དད་དཔེ་དམན་ལྷག།  དཔེ་རྒྱན་གྱི་ཞལ་བྱུང་དཔེའི་སྐྱོན་ཡོན། སྦྱོར་མཁས་སྐྱོན་ནི་མེད་པའང་ཡོད། ། ༈མཚུངས་གསལ་སྒྲ་ལ་གཞུང་ཉིད་ལས། ། དཔེ་རྒྱན་གྱི་ཞར་བྱུང་མཚུངས་པ་གསལ་བྱེ་ཀྱི་སྒྲའི་རྣམ་གྲངས་དང་དེ་རྣམས་ཇི་ལྟར་སྦྱོར་ཚུལ། དངོས་བསྟན་དྲུག་ཅུ་རྩ་ལྔ་སྟེ། །བཞིན་ལྟར་ལྟ་བུ་ཇི་ལྟར་སྒྲ། །མཐུན་མཚུངས་ཡང་དག་མཚུངས་དང་མཉམ། །ཡང་དག་གསལ་དང་ངེས་པར་གསལ། །རབ་གསལ་གཟུགས་ཀྱི་ཟླ་བོ་དང་། །གཉེན་པོ་དང་ནི་དགྲ་ཟླ་དང་། །སོ་སོར་རྟོག་དང་འགལ་འ《འགྲན》་དང་འདྲ། །བལྟ་བཅས་དང་ནི་བསླུ་བ་དང་། །རིགས་མཐུན་རྗེས་སུ་སྨྲ་བ་དང་། །གཟུགས་བརྙན་དང་ནི་སོ་སོར་བསྡེབས། །གཟུགས་མཚུངས་མཉམ་དང་ཡང་དག་འཇལ། །མཚན་ཉིད་མཐུན་འདྲ་མཚུངས་པ་དང་། །མཐུན་ཕྱོགས་དཔེར་བྱས་དཔེ་དང་རྟོག། དམན་དང་ཅུང་ཟད་དམན་སོགས་དང་། །རབ་ཏུ་སྨྲ་དང་སོ་སོར་བཟློག། རིགས་མཐུན་མཉམ་བྱས་སྒྲ་དག་དང་། །གང་ཡང་དམན་མིན་དོན་ཅན་ཚིག། འབྲུ་མང་པོ་ཡི་ཚིག་སྡུད་ནི། །རི་བོང་མཚན་མའི་གདོང་ཅན་སོགས། །འགྲན་དང་རྒྱལ་དང་སྡང་བ་དང་། །འཁུ་དང་མི་མཐུན་སྒྲོགས་པ་དང་། །འཐབ་པ་དང་ནི་འཕྱ་བ་དང་། །སྨ་འབེབས་བྱེད་དང་སྨོད་པ་དང་། །ཅོ་འདྲི་བ་དང་འགོག་པ་དང་། །དགོད་དང་ཕྲག་དོག་མི་བཟོད་དང་། །དེ་ཡི་སྐལ་བཟང་འཕྲོག་བྱེད་དང་། །དེ་ཡི་མཛེས་པ་ཟུམ་བྱེད་དང་། །དེ་དང་འགྲན་ལས་ཚར་གཅོད་དང་། །དེ་དང་མཚུངས་ལས་ལྷག་པར་མཛེས། །དེ་ཡི་རྗེས་སུ་རྐང་འཇོག་དང་། །དེ་ཡི་ནུས་པ་ལ་འཇུག་དང་། །དེ་ཡི་རྗེས་འགྲོ་རྗེས་སུ་འཆིང་། །དེ་ཡི་ངང་ཚུལ་དེ་འགོག་དང་། །དེ་ཡི་རྗེས་སུ་བྱེད་ཅེས་པའི། །སྒྲ་རྣམས་མཚུངས་པ་གསལ་བྱེད་ཡིན། ། ༈གཞུང་ལས་མི་གསལ་མཚུངས་གསལ་སྒྲ། །གྲིབ་མ་མཚུངས་དང་ཆོས་ཐུན་མོང་། །དེ་ཡི་རྗེས་སུ་བསྙེགས་པ་དང་། །དེ་དང་དབྱེར་མེད་གཉིས་སུ་མེད། །རོ་གཅིག་གྱུར་དང་དེ་ལས་ལྷག། དེ་ལས་རྨད་བྱུང་དེ་དང་ནི། །ཚུལ་གཅིག་ཁྱད་པར་མེད་པ་དང་། །དེ་ཉིད་ཟིལ་གྱིས་གནོན་པ་སོགས། །མཁས་པས་སྦྱར་བ་སྣ་ཚོགས་ཡོད། ། ༈བརྗོད་འདོད་དོན་ཉིད་དཔེ་དི་ཡི། །དོན་རྒྱན3གཟུགས་ཅན་རྒྱནའི་གོ་དོན། གཟུགས་སུ་བཀོད་པ་གཟུགས་ཅན་རྒྱན། ། ༈དེ་ལ་ནང་གསེས་ཉི་ཤུ་སྟེ། །གཟུགས་ཅན་རྒྱན་གྱི་རྣམ་གྲངས་ཉི་ཤུ། བསྡུས་དང་མ་བསྡུས་བསྡུས་མ་བསྡུས། །༡བསྡུས་པའི་གཟུགས་ཅན།  ༢མ་བསྡུས་པའི་གཟུགས་ཅན།  ༣བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན། མཐའ་དག་ཆ་ཤས་ཆ་ཤས་ཅན། །    ༤མཐའ་དག་གཟུགས་ཅན། ༥ཆ་ཤས་གཟུགས་ཅན། ༦ཆ་ཤས་ཅན་གྱི་གཟུགས་ཅན། ཡན་ལག་གཅིག་སོགས་ལྡན་པ་དང་། །  ༧ཡན་ལག་གཅིག་གི་གཟུགས་ཅན་ལ་སོགས་པ།  ༨ལྡན་པའི་གཟུགས་ཅན། མི་ལྡན་མི་མཉམ་ཁྱད་པར་ཅན། །     ༩མི་ལྡན་པའི་གཟུགས་ཅན།  ༡༠མི་མཉམ་པའི་གཟུགས་ཅན།  ༡༡ཁྱད་པར་གྱི་གཟུགས་ཅན། འགལ་དང་རྒྱུ་དང་སྦྱར་བ་དང་། །    ༡༢འགལ་པའི་གཟུགས་ཅན།  ༡༣རྒྱུའི་གཟུགས་ཅན།  ༡༤སྦྱར་བའི་གཟུགས་ཅན། དཔེ་དང་ལྡོག་པ་ཅན་དང་འགོག།    ༡༥དཔེ་ཡི་གཟུགས་ཅན།  ༡༦ལྡོག་པ་ཅན་གྱི་གཟུགས་ཅན།  ༡༧འགོག་པའི་གཟུགས་ཅན། མཉམ་འཇོག་གཟུགས་ཅན་བསྙོན་དོར་རོ། ། ༡༨མཉམ་འཇོག་གི་གཟུགས་ཅན།  ༡༩གཟུགས་ཅན་གྱི་གཟུགས་ཅན།  ༢༠བསྙོན་དོར་གྱི་གཟུགས་ཅན་ནོ།  ༈དཔེ་དང་དཔེ་ཅན་གཉིས་བར་གྱི། ། ༡བསྡུས་པའི་གཟུགས་ཅན། འབྲེལ་སྒྲ་བསྡུས་པ་བསྡུས་པའི་གཟུགས། ། ༈བར་གྱི་འབྲེལ་སྒྲ་མ་བསྡུས་པ། ། ༢མ་བསྡུས་པའི་གཟུགས་ཅན། མ་བསྡུས་པ་ཡི་གཟུགས་ཅན་ནོ། ། ༈དཔེ་དང་དཔེ་ཅན་གཉིས་པོ་ཡི། །༣བསྡུས་ཤིང་མ་བསྡུས་པའི་གཟུགས་ཅན། བར་དུ་འབྲེལ་སྒྲ་འགའ་ཞིག་ནི། །བསྡུས་ཤིང་འགའ་ཞིག་མ་བསྡུས་པ། །བསྡུས་ཤིང་མ་བསྡུས་གཟུགས་ཅན་ནོ། ། ༈ཆ་དང་ཆ་ཅན་ཐམས་ཅད་ཀུན། །  ༤མཐའ་དག་གཟུགས་ཅན། གཟུགས་བྱས་མཐའ་དག་གཟུགས་ཅན་ནོ། ། ༈ཆ་ཤས་གཟུགས་བྱས་ཆ་ཅན་ནི། ། ༥ཆ་ཤས་གཟུགས་ཅན། གཟུགས་སུ་མ་བྱས་ཆ་ཤས་གཟུགས། ། ༈དེ་ལས་ལྡོག་སྟེ་གཟུགས་སུ་བཀོད། ། ༦ཆ་ཤས་ཅན་གྱི་གཟུགས་ཅན། ཆ་ཤས་ཅན་གྱི་གཟུགས་ཅན་ནོ། ། ༈ཡན་ལག་གཅིག་ཙམ་གཟུགས་བྱས་སོགས། ། ༧ཡན་ལག་གཅིག་གི་གཟུགས་ཅན་ལ་སོགས་པ། སྦྱོར་ཚུལ་འགའ་ཡང་ཤེས་པར་བྱ། །  ༈དཔེ་དང་དཔེ་ཅན་སོ་སོའི་ཆོས། །༨ལྡན་པའི་གཟུགས་ཅན། ཕན་ཚུན་ལྡན་པ་ལྡན་པའི་གཟུགས། ། ༈གཟུགས་གཉིས་ཕན་ཚུན་མི་ལྡན་པ། །  ༩མི་ལྡན་པའི་གཟུགས་ཅན། མི་ལྡན་པ་ཡི་གཟུགས་ཅན་ནོ། ། ༈ཡན་ལག་ཅན་ནི་གཟུགས་བྱས་ལ། ། ༡༠མི་མཉམ་པའི་གཟུགས་ཅན། ཡན་ལག་གཟུགས་སུ་བྱས་མ་བྱས། །ཅི་ལྟར་རིགས་པ་འཐེང་འགྲོས་ལྟར། །སྤེལ་མར་སྦྱོར་བ་མི་མཉམ་གཟུགས། ། ༈དམིགས་བསལ་ཆོས་འགའ་གཟུགས་སུ་བྱས། ། ༡༡ཁྱད་པར་གྱི་གཟུགས་ཅན། ཁྱད་པར་བཅས་པའི་གཟུགས་ཅན་ནོ། ། ༈དཔེ་དེར་སྲིད་མིན་ཁྱད་ཆོས་འགའ། །༡༢འགལ་པའི་གཟུགས་ཅན། བཀོད་པ་འགལ་བའི་གཟུགས་ཅན་ནོ། ། ༈རྒྱུ་མཚན་གང་གིས་དཔེ་དངོས་སུ། ། ༡༣རྒྱུའི་གཟུགས་ཅན། རྟོགས་བྱེད་རྒྱུ་ཡི་གཟུགས་ཅན་ནོ། ། ༈དཔེ་དང་དོན་གྱི་ཁྱད་ཆོས་དག།  ༡༤སྦྱར་བའི་གཟུགས་ཅན། སྒྲ་མཚུངས་སྦྱར་བའི་གཟུགས་ཅན་ནོ། ། ༈གཟུགས་བཀོད་དཔེ་དང་དཔེ་ཅན་གཉིས། །  ༡༥དཔེ་ཡི་གཟུགས་ཅན། མཚུངས་སྒྲས་གསལ་བྱེད་དཔེ་ཡི་གཟུགས། ། ༈གཟུགས་སུ་བཀོད་པའི་དཔེ་དཔེ་ཅན། ། ༡༦ལྡོག་པ་ཅན་གྱི་གཟུགས་ཅན། སོ་སོར་དབྱེ་འབྱེད་ལྡོག་པའི་གཟུགས། ། ༈གཟུགས་ཅན་ཉིད་ལ་གཟུགས་ཀྱི་ནི། ། ༡༧འགོག་པའི་གཟུགས་ཅན། ཁྱད་ཆོས་འགལ་བ་ཉིད་མཐོང་བས། །གཟུགས་ཅན་དེ་ལ་སྨད་ལྟར་བརྗོད། །དེ་ནི་འགོག་པའི་གཟུགས་ཅན་ནོ། ། ༈གཟུགས་བཀོད་དཔེ་དོན་སྐྱོན་ཅན་དུ། ། ༡༨མཉམ་འཇོག་གི་གཟུགས་ཅན། མཉམ་བརྗོད་མཉམ་འཇོག་གཟུགས་ཅན་ནོ། ། ༈དཔེ་ཅན་དེ་ཉིད་གཟུགས་གཅིག་ཏུ། ། ༡༩གཟུགས་ཅན་གྱི་གཟུགས་ཅན། བཀོད་རྗེས་དེ་ཡང་གཞན་ཞིག་གི། །གཟུགས་སུ་བཀོད་པ་འམ་འཕར་མ་སྟེ། །གཟུགས་ཅན་གྱི་ནི་གཟུགས་ཅན་ནོ། ། ༈དངོས་སུ་དཔེ་ཅན་དེ་ཡི་ཆོས། ། ༢༠བསྙོན་དོར་གྱི་གཟུགས་ཅན་ནོ། གང་ཞིག་བཀོད་པའི་རྗེས་སུ་སླར། །གཟུགས་དེ་མིན་ཞེས་འགོག་བྱེད་པ། །བསྙོན་དོར་གཟུགས་ཅན་ཞེས་བྱ་བརྗོད། ། ༈རིགས་དང་བྱ་བ་ཡོན་ཏན་སོགས། ། དོན་རྒྱན4གསལ་བྱེད་ཀྱི་རྒྱན། བརྗོད་ཚིག་ཐོག་མཐའ་བར་གང་ན། །གནས་དེས་ཚིག་ཀུན་གསལ་བྱེད་པ། །གསལ་བྱེད་རྒྱན་དུ་འདོད་པ་ཡིན། ། ༈དབྱེ་ན་རིགས་དང་བྱ་བ་དང་། ། ༡རིགས་བརྗོད་པ་ཐོག་མའི་གསལ་བྱེད།  ༢བྱ་བ་བརྗོད་པ་ཐོག་མའི་གསལ་བྱེད། ཡོན་ཏན་རྫས་བཅས་ཐོག་གསལ་བཞི། །  ༣ཡོན་ཏན་བརྗོད་པ་ཐོག་མའི་གསལ་ཐོག་མར་གསལ་བྱེད་བཞི།   བྱེད།  ༤རྫས་བརྗོད་པ་ཐོག་མའི་གསལ་བྱེད། རིགས་དང་བྱ་བའི་བར་མཐའ་གསལ། །  ༥རིགས་བརྗོད་པ་་།   ༦ བྱ་བ་རྗོད་པ་་།                         བར་གྱི་གསལ་བྱེད་གཉིས།   མཐའ་མར་གསལ་བྱེད་གཉིས།    ༧རིགས་བརྗོད་པ་་།  ༨བྱ་བ་རྗོད་པ་་།  ཕྲེང་བ་འགལ་དང་དོན་གཅིག་དང་། །  ༩ཕྲེང་བའི་གསལ་བྱེད།  ༡༠འགལ་བའི་གསལ་བྱེད།  ༡༡དོན་གཅིག་པའི་གསལ་བྱེད། སྦྱར་བའི་གསལ་བྱེད་ཅེས་བྱ་བའི། ། ༡༢སྦྱར་བའི་གསལ་བྱེད། དབྱེ་བ་རྣམ་པ་བཅུ་གཉིས་སོ། ། ༈རིགས་སྟོན་ཐོག་མའི་ཚིག་གིས་གཞན། །༡རིགས་བརྗོད་པ་ཐོག་མའི་གསལ་བྱེད། གསལ་བྱེད་རིགས་བརྗོད་ཐོག་མའི་གསལ། ། ༈བྱ་ཚིག་ཐོག་མར་བཀོད་དེས་ཚིག།  ༢བྱ་བ་བརྗོད་པ་ཐོག་མའི་གསལ་བྱེད། གཞན་གསལ་བྱ་བརྗོད་ཐོག་མའི་གསལ། ། ༈ཡོན་ཏན་ཐོག་མར་བཀོད་དེས་ཚིག།  ༣ཡོན་ཏན་བརྗོད་པ་ཐོག་མའི་གསལ་བྱེད། གཞན་གསལ་ཡོན་ཏན་ཐོག་མའི་གསལ། ། ༈ཁྱད་རྫས་ཐོག་མར་བཀོད་དེས་ཚིག།  ༤རྫས་བརྗོད་པ་ཐོག་མའི་གསལ་བྱེད། གཞན་གསལ་རྫས་བརྗོད་ཐོག་མའི་གསལ། ། ༈རིགས་ཚིག་བར་དུ་བཀོད་དེས་ཚིག།  ༥རིགས་བརྗོད་པ་བར་གྱི་གསལ་བྱེད།  གཞན་གསལ་བར་གྱི་རིགས་བརྗོད་གསལ། ། ༈བྱ་ཚིག་བར་དུ་བཀོད་པ་དེས། ། ༦ བྱ་བ་རྗོད་པ་བར་གྱི་གསལ་བྱེད། གཞན་གསལ་བར་གྱི་བྱ་བརྗོད་གསལ། ། ༈རིགས་ཚིག་ཐ་མར་བཀོད་པ་དེས། ། ༧རིགས་བརྗོད་པ་ཐ་མའི་གསལ་བྱེད། གོང་གསལ་རིགས་བརྗོད་ཐ་མའི་གསལ། ། ༈བྱ་ཚིག་མཐར་གནས་གོང་གི་ཚིག།  ༨བྱ་བ་རྗོད་པ་ཐ་མའི་གསལ་བྱེད།  གསལ་བྱེད་བྱ་བརྗོད་ཐ་མའི་གསལ། ། ༈སྔ་ཕྱི་རིམ་བཞིན་ཕྲེང་བ་ལྟར། ། ༩ཕྲེང་བའི་གསལ་བྱེད། གསལ་བྱེད་ཕྲེང་བའི་གསལ་བྱེད་ཡིན། ། ༈གསལ་བྱེད་གཅིག་གིས་འགལ་བྱ་གཉིས། ། ༡༠འགལ་བའི་གསལ་བྱེད། མཉམ་སྟོན་འགལ་བའི་གསལ་བྱེད་དོ། ། ༈དོན་གཅིག་དུ་མའི་རྣམ་གྲངས་ཀྱིས། ། ༡༡དོན་གཅིག་པའི་གསལ་བྱེད། གསལ་སྟོན་དོན་གཅིག་གསལ་བྱེད་དོ། ། ༈སྦྱར་ཆོས་འདྲ་མཚུངས་གཞི་གཉིས་པོ། ། ༡༢སྦྱར་བའི་གསལ་བྱེད། འབྲེལ་བྱས་སྦྱར་བའི་གསལ་བྱེད་དོ། ། ༈ཚིག་དོན་གང་རུང་གནས་གསུམ་དུ། ། དོན་རྒྱན5པ་སྐོར་བའི་རྒྱན། ཡང་ཡང་བཟླས་པ་བསྐོར་བའི་རྒྱན། ། ༈དོན་བསྐོར་ཚིག་བསྐོར་གཉིས་ཀར་བསྐོར། །    ༡དོན་སྐོར་བ།  ༢ཚིག་སྐོར་བ།  ༣ཚིག་དོན་མཉམ་དུ་བསྐོར་བ། བསྐོར་བའི་རྒྱན་ནི་རྣམ་པ་གསུམ། ། ༈མི་འདྲའི་ཚིག་གིས་དོན་གཅིག་ལ། །    དོན་གཅིག་ཚིག་མི་འདྲ་བའི་སྒོ་ནས་བསྐོར་བའི་དོན་ལ་བསྐོར་བ། ཡང་ཡང་བསྐོར་བ་དོན་ལ་བསྐོར། །  ༈མི་འདྲའི་དོན་རྣམས་ཚིག་གཅིག་ལ། ། དོན་མི་འདྲ་བ་རྣམས་རྗོད་བྱེད་ཀྱི་ཚིག་གཅིག་ལ་བསྐོར་བའི་ཚིག་ལ་བསྐོར་བ། ཡང་ཡང་བཟླས་པ་ཚིག་ལ་བསྐོར། ། ༈ཚིགས་སུ་བཅད་པ་ཕྱེད་སྔ་ཕྱི། །    ཚིག་དོན་གཉིས་སོ་སོ་འདྲ་མཉམ་དུ་བསྐོར་བ། གཉིས་ཀར་ཡང་བཟླས་གཉིས་ཀར་བསྐོར། ། ༈དོན་དེ་དགག་བྱར་བྱས་ནས་དེ། ། དོན་རྒྱན6པ་འགོག་པའི་རྒྱན། སྒྲུབ་ཏུ་མི་སྟེར་འགོག་པའི་རྒྱན། ། ༈དབྱེ་ན་ཉི་ཤུ་རྩ་གསུམ་སྟེ། །འདས་དང་མའོངས་ད་ལྟ་འགོག།    ༡འདས་པ་འགོག་པ།  ༢མ་འོངས་པ་འགོག་པ།    ༣ད་ལྟ་བ་འགོག་པ། ཆོས་དང་ཆོས་ཅན་རྒྱུ་དང་འབྲས། །     ༤ཆོས་འགོག་པ།  ༥ཆོས་ཅན་འགོག་པ།      གོང་གི་བདུན།  འདི་རྣམས་དགག་བྱའི་ཡུལ་གྱི་སྒོ་ནས་ཕྱེ་བ།     ༦རྒྱུ་འགོག་པ།  ༧འབྲས་བུ་འགོག་པ།  རྗེས་གནང་དབང་དང་མ་གུས་པ། ། ༨རྗེས་གནང་གིས་འགོག་པ།  ༩དབང་གིས་འགོག་པ།  ༡༠མ་གུས་པས་འགོག་པ། ཤིས་བརྗོད་རྩུབ་མོ་གྲོགས་འབད་པ། །༡༡ཤིས་བརྗོད་ཀྱིས་འགོག་པ། ༡༢རྩུབ་མོས་འགོག་པ།  ༡༣གྲོགས་ཀྱིས་འགོག་པ།  ༡༤འབད་པས་འགོག་པ།  གཞན་དབང་ཐབས་དང་ཁྲོ་བ་དང་། །༡༥གཞན་དབང་གིས་འགོག་པ།  ༡༦ཐབས་ཀྱིས་འགོག་པ།  ༡༧ཁྲོ་བས་འགོག་པ། མྱ་ངན་འགྱོད་དང་ཐེ་ཚོམ་དང་། ། ༡༨མྱ་ངན་གྱིས་འགོག་པ།  ༡༩འགྱོད་པས་འགོག་པ།  ༢༠ཐེ་ཚོམ་གྱིས་འགོག་པ། སྦྱར་བ་དོན་གཞན་རྒྱུས་འགོག་པའོ། ། ༢༡སྦྱར་བའི་འགོག་པ།  ༢༢དོན་གཞན་གྱིས་ འདི་རྣམས་འགོག་བྱེད་ཀྱི་རྣམ་པ་མི་འདྲ་བའི་སྒོ་ནས་ཕྱེ་བ།     འགོག་པ།  ༢༣རྒྱུ་ཡིས་འགོག་པ།  ༈བྱུང་ཟིན་དོན་དེར་མིན་པའི་བློ། །༡འདས་པ་འགོག་པ། སྐྱེས་པ་(པས)འགོག་པ་འདས་པ་འགོག།  ༈མངོན་སུམ་ཡུལ་གྱུར་ད་ལྟའི་དོན། །༣ད་ལྟ་ བ་འགོག་པ། འགོག་བྱེད་ཚིག་བརྗོད་ད་ལྟར་འགོག།  ༈སྔར་བྱུང་བརྗོད་དོན་གང་ཞིག་གིས། །༢མ་འོངས་པ་འགོག་པ། ཕྱིས་འབྱུང་འགོག་བྱེད་མ་འོངས་འགོག།  ༈དགག་བྱའི་ཁྱད་ཆོས་དང་འགལ་བའི། །  ༤ཆོས་འགོག་པ། འགོག་བྱེད་བརྗོད་པ་ཆོས་འགོག་པ། ། ༈ཆོས་ཅན་ཁྱད་ཆོས་ཁས་བླངས་ནས། ། ༥ཆོས་ཅན་འགོག་པ།  ཆོས་ཅན་མཐོང་འགོག་ཆོས་ཅན་འགོག།  ༈འབྲས་དེ་འབྱུང་བའི་རྒྱུ་གང་ཞིག།  ༦རྒྱུ་འགོག་པ། སྔོན་བྱས་མེད་ཅེས་རྒྱུ་འགོག་པའོ། ། ༈རྒྱུ་འགའ་ཚོགས་ཀྱང་དེར་བརྟེན་འབྲས། ། ༧འབྲས་བུ་འགོག་པ། མ་བྱུང་མཚར་སྟོན་འབྲས་བུ་འགོག།  ༈རྗེས་གནང་ལྟར་བྱས་ཐབས་གཞན་གྱིས། །༨རྗེས་གནང་གིས་འགོག་པ། སྒྲུབ་ཏུ་མི་སྟེར་རྗེས་གནང་འགོག།  ༈དགེ་མཚན་ལྡན་ཀྱང་རང་དབང་ཉིད། ། ༩དབང་གིས་འགོག་པ། གཙོ་ཆེས་འགོག་བྱེད་དབང་གིས་འགོག།  ༈དོན་དེར་མ་གུས་གནང་དུ་ནི། ། ༡༠མ་གུས་པས་འགོག་པ། གུས་པར་སྟོན་པ་མ་གུས་འགོག།  ༈ཤིས་བརྗོད་ཚིག་གིས་གསལ་བྱས་ནས། ། ༡༡ཤིས་བརྗོད་ཀྱིས་འགོག་པ། དེ་ཉིད་འགོག་བྱེད་ཤིས་པའི་འགོག།  ༈ཚིག་རྩུབ་བརྗོད་པ་སྔོན་འགྲོ་བས། ། ༡༢རྩུབ་མོས་འགོག་པ། དོན་དེ་འགོག་བྱེད་རྩུབ་མོས་འགོག།  ༈དོན་དེ་སྒྲུབ་ལ་བསྐུལ་བ་ལྟར། ། ༡༣གྲོགས་ཀྱིས་འགོག་པ། བྱས་ནས་དེ་འགོག་གྲོགས་ཀྱིས་འགོག།  ༈ཁྱོད་ལྟར་འབད་ཀྱང་རང་འདོད་ཚིག།  ༡༤འབད་པས་འགོག་པ། ཁ་ནས་ཐལ་ཞེས་འབད་པས་འགོག།  ༈གཞན་གྱི་དབང་སོང་དེ་ཉིད་ཀྱི། ། ༡༥གཞན་དབང་གིས་འགོག་པ། དབང་ལྟར་འདོད་ཅེས་དབང་གིས་འགོག།  ༈རྙེད་དཀའི་ཐབས་མང་བཀོད་བྱས་ནས། ། ༡༦ཐབས་ཀྱིས་འགོག་པ། དོན་དེ་གྱིས་ཞེས་ཐབས་ཀྱིས་འགོག།  ༈བྱས་དང་མ་བྱས་ཁྱད་ཅི་ཞེས། ། ༡༧ཁྲོ་བས་འགོག་པ། ཁྲོ་ཚིག་གིས་འགོག་ཁྲོ་བས་འགོག།  ༈བྱ་བར་འོས་པ་མ་བྱས་པར། ། ༡༨མྱ་ངན་གྱིས་འགོག་པ། མྱ་ངན་ཚུལ་སྟོན་སྙིང་རྗེས་འགོག།  ༈སྒྲུབ་འོས་དོན་འགའ་མ་བསྒྲུབས་པར། ། ༡༩འགྱོད་པས་འགོག་པ། འགྱོད་པའི་ཚིག་སྨྲས་འགྱོད་པས་འགོག།  ༈དེ་འམ་གང་ཡིན་ཁྱད་པར་འདིས། ། ༢༠ཐེ་ཚོམ་གྱིས་འགོག་པ། དེ་མིན་ཞེས་བརྗོད་ཐེ་ཚོམ་འགོག།  ༈དཔེ་དོན་ཐུན་མོང་ཆོས་སྦྱར་ནས། །  ༢༡སྦྱར་བའི་འགོག་པ། གཟུགས་བཀོད་དཔེ་འགོག་སྦྱར་བའི་འགོག།  ༈དོན་གཞན་མཚུངས་ཆོས་དངོས་བསྟན་ནས། །༢༢དོན་གཞན་གྱིས་འགོག་པ། དངོས་དེའི་ཆོས་འགོག་དོན་གཞན་འགོག།  ༈ཁྱད་འཕགས་རྒྱུ་ཡིས་དེ་ཉིད་ལ། ། ༢༣རྒྱུ་ཡིས་འགོག་པ། བསྟོད་པ་མིན་བརྗོད་རྒྱུ་ཡིས་འགོག།  ༈དོན་དེ་བསྒྲུབ་བྱར་སྔོན་བཀོད་ནས། ། དོན་རྒྱན་བདུན་པ། སྒྲུབ་བྱེད་རྗེས་བཀོད་དོན་གཞན་བཀོད། ། ༈དབྱེ་བ་རྣམ་པ་བརྒྱད་ཡིན་ཏེ། །ཀུན་ཁྱབ་ཁྱད་པར་ལ་གནས་དང་། ། ༡ཀུན་ཁྱབ་ཀྱི་དོན་གཞན་བཀོད་པ།             ༢ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ། སྦྱར་དང་འགལ་དང་མི་འོས་འོས། ། ༣སྦྱར་བའི་དོན་གཞན་བཀོད་པ།  ༤འགལ་བའི་དོན་གཞན་བཀོད་པ།  ༥མི་འོས་པའི་དོན་གཞན་བཀོད་པ།  ༦འོས་པའི་དོན་གཞན་བཀོད་པ། འོས་ཤིང་མི་འོས་དེ་ལྡོག་བརྒྱད། ། ༧འོས་ཤིང་མི་འོས་པའི་དོན་གཞན་བཀོད་པ།         ༨མི་འོས་ཤིང་འོས་པའི་དོན་གཞན་བཀོད་པ།  ༈དོན་ཆོས་བསྒྲུབ་བྱར་ཀུན་ཁྱབ་ཀྱི། །༡ཀུན་ཁྱབ་ཀྱི་དོན་གཞན་བཀོད་པ།  སྒྲུབ་བྱེད་བཀོད་པ་ཀུན་ཁྱབ་དོན། ། ༈ཁྱད་ཅན་བསྒྲུབ་བྱར་ནུས་ལྡན་གྱི། །༢ཁྱད་པར་ལ་གནས་པའི་དོན་གཞན་བཀོད་པ། སྒྲུབ་བྱེད་བཀོད་པ་ཁྱད་གནས་སོ། ། ༈སྒྲུབ་བྱེད་སྒྲ་གཅིག་དོན་གཉིས་སོགས། ། ༣སྦྱར་བའི་དོན་གཞན་བཀོད་པ། འཇུག་བཀོད་སྦྱར་བའི་དོན་གཞན་བཀོད། ། ༈སྐྱོན་ཡོན་བསྒྲུབ་བྱར་སྒྲུབ་བྱེད་ཀྱང་། ། ༤འགལ་བའི་དོན་གཞན་བཀོད་པ། དེ་མཚུངས་བཀོད་པ་འགལ་དོན་གཞན། ། ༈འོས་མིན་བསྒྲུབ་བྱར་སྒྲུབ་བྱེད་ཀྱང་། ། ༥མི་འོས་པའི་དོན་གཞན་བཀོད་པ། འོས་མིན་བཀོད་པ་མི་འོས་པའོ། ། ༈འོས་པའི་བསྒྲུབ་བྱར་སྒྲུབ་བྱེད་ཀྱང་། ། ༦འོས་པའི་དོན་གཞན་བཀོད་པ། དེ་མཚུངས་བཀོད་པ་འོས་པའི་དོན། ། ༈གཉིས་ཀྱིས་འོས་དང་མི་འོས་གཉིས། །༧འོས་ཤིང་མི་འོས་པའི་དོན་གཞན་བཀོད་པ།        བསྒྲུབ་བྱར་བཀོད་དེ་སྒྲུབ་བྱེད་ཀྱང་། །རིམ་བཞིན་སྐྱོན་ཡོན་གཉིས་ལྡན་འགོད། །འོས་ཤིང་མི་འོས་དོན་གཞན་བཀོད། ། ༈གཉིས་ཀྱིས་མི་འོས་འོས་པ་གཉིས། །༨མི་འོས་ཤིང་འོས་པའི་དོན་གཞན་བཀོད་པ། བསྒྲུབ་བྱར་བཀོད་དེ་སྒྲུབ་བྱེད་དུ། །རིམ་བཞིན་མི་འོས་འོས་པ་འགོད། །མི་འོས་འོས་པའི་དོན་གཞན་བཀོད། ། ༈སྒྲ་ཤུགས་སྐབས་ཐོབ་ཅི་རིགས་ཀྱིས། ། དོན་རྒྱན་བརྒྱད་པ། དཔེ་དོན་མཚུངས་པར་གོ་བྱེད་སླར། །མི་འདྲའི་ཁྱད་ཆོས་ལྡན་པ་ཡི། །དབྱེ་བ་འབྱེད་བྱེད་ལྡོག་པ་ཅན། ། ༈གཅིག་ལྡོག་གཉིས་ལྡོག་སྦྱར་བའི་ལྡོག།  ༡གཅིག་གི་ལྡོག་པ་ཅན།  ༢གཉིས་ཀྱི་ལྡོག་པ་ཅན།  ༣སྦྱར་བའི་ལྡོག་པ་ཅན། འགོག་དང་གཏན་ཚིགས་ལྡོག་པ་ཅན། ། ༤འགོག་པའི་ལྡོག་པ་ཅན།  ༥གཏན་ཚིགས་ལྡོག་པ་ཅན། སྒྲས་ཟིན་མཚུངས་པའི་ལྡོག་ཅན་ལྔ། ། ལྔ་ལ་ཚིག་ཟིན་ལ་སྒྲས་དངོས་སུ་ཟིན་པའི་ལྡོག་པ་ཅན་ཟེར། རྟེན་དང་ལྷག་པའི་ལྡོག་ཅན་ཏེ། །༦རྟེན་གྱི་ལྡོག་པ་ཅན།  ༧དཔེ་ལས་དཔེ་ཅན་ལྷག་པའི་ལྡོག་པ་ཅན། རྟོག་པས་མཚུངས་པའི་ལྡོག་ཅན་གཉིས། ། གཉིས་པོ་ནི་རྟོག་པས་མཚུངས་པའི་ལྡོག་པ་ཅན་ནོ། མཚུངས་ཆོས་མ་ཟིན་འབྱེད་བྱེད་ཟིན། ། ༩མཚུངས་ཆོས་སྒྲས་མ་ཟིན་ཅིང་འབྱེད་བྱེད་སྒྲས་ཟིན་པའི་ལྡོག་པ་ཅན། མཚུངས་ཆོས་འབྱེད་བྱེད་གཉིས་སྒྲས་ཟིན། ། ༨མཚུངས་ཆོས་དང་འབྱེད་བྱེད་གཉིས་ཀ་སྒྲས་ཟིན་པའི་ལྡོག་པ་ཅན། འབྱེད་བྱེད་མཚུངས་པའི་ལྡོག་ཅན་གཉིས། །གཉིས་པོ་དེ་འབྱེད་བྱེད་མཚུངས་པའི་ལྡོག་པ་ཅན་ཡིན། རིགས་མཐུན་ལྡོག་པ་ཅན་རྣམས་ཏེ། །༡༠རིགས་མཐུན་ལྡོག་པ་ཅན་བཅས་བཅུའོ། དཔེ་དང་དོན་གྱི་ཁྱད་གཞི་གཉིས་མཚུངས་པ་ལས་དབྱེ་བ་འབྱེད་པའི་ལྡོག་པ་ཅན་གྱི་རྒྱན་ཞེས་བརྗོད།  ༈དུ་མའི་ཆོས་མཚུངས་ཁྱད་གཅིག་གིས། །འབྱེད་བྱེད་གབཅིག་གི་ལྡོག་པ་ཅན། ། ༈དཔེ་དོན་མཚུངས་བསྟན་གཉིས་ཀ་ཡི། །འབྱེད་བྱེད་བརྗོད་པ་གཉིས་ཀྱི་ལྡོག།  ༈དེ་དོན་གཉིས་ཀར་སྒྲ་སྦྱར་ཞིང་། །མཚུངས་ལས་འབྱེད་བྱེད་སྦྱར་ཅན་ལྡོག།  ༈དུ་མས་མཚུངས་ཀྱང་ཁྱད་གཅིག་གིས། །མཚུངས་འགོག་འགོག་པའི་ལྡོག་པ་ཅན། ། ༈ཆོས་འགས་མཚུངས་ཀྱང་མི་འདྲའི་ཆོས། །རྟགས་སུ་བཀོད་པ་གཏན་ཚིགས་ལྡོག།  ༈དཔེ་དོན་ཁྱད་པར་རྟེན་གྱིས་འབྱེད། །ཤུགས་ལས་མཚུངས་རྟོགས་རྟེན་གྱི་ལྡོག།  ༈དཔེ་ལས་དོན་ལྷག་འབྱེད་བྱེད་སྒྲས། །མཚུངས་པར་ཤུགས་རྟོགས་ལྷག་པའི་ལྡོག།  ༈མཚུངས་ཆོས་འབྱེད་བྱེད་གཉིས་སྒྲས་ཟིན། །ཆོས་དང་འབྱེད་བྱེད་སྒྲས་ཟིན་ལྡོག།  ༈མཚུངས་ཆོས་མ་ཟིན་འབྱེད་བྱེད་ཆོས། །དངོས་ཟིན་དེ་ཡི་ལྡོག་པ་ཅན། ། ༈རིགས་སུ་མཐུན་ཀྱང་ཆོས་ཐ་དད། །འབྱེད་བྱེད་རིགས་མཐུན་ལྡོག་པ་ཅན། ། ༈ཡོངས་གྲགས་རྒྱུ་བཟློག་མ་གྲགས་པའི། །ཕྱི་ནང་རྒྱུ་ནི་ཅུང་ཟད་དམ། །འབྲས་བུ་རང་གི་ངོ་བོ་ཉིད། །སྟོན་པ་སྲིད་པ་ཅན་དུ་བརྗོད། ། ༈དབྱེ་ན་གསུམ་སྟེ་ཕྱི་དང་ནི། ། ༡ཕྱི་ཡི་རྒྱུ་གཞན་ཅུང་ཟད་སྟོད་པའི་སྲིད་པ་ཅན། ནང་གི་རྒྱུ་གཞན་ཅུང་ཟད་སྟོན། །༢ནང་གི་རྒྱུ་གཞན་ཅུང་ཟད་སྟོན་པའི་སྲིད་པ་ཅན། རྒྱུ་མེད་འབྲས་བུའི་ངོ་བོ་ཙམ། ། ༣འབྲས་བུ་རང་གི་ངོ་བོ་ཙམ་སྟོན་པའི་སྲིད་པ་ཅན། སྟོན་པ་སྲིད་པ་ཅན་རྣམས་སོ། ། ༈ཡོངས་གྲགས་རྒྱུ་བཀག་ཕྱི་ཡི་རྒྱུ། །༡ཕྱི་ཡི་རྒྱུ་གཞན་ཅུང་ཟད་སྟོད་པའི་སྲིད་པ་ཅན། ཅུང་ཟད་ཙམ་སྟོན་ཕྱི་སྲིད་ཅན། ། ༈ཡོངས་གྲགས་རྒྱུ་བཀག་ནང་གི་རྒྱུ། ། ༢ནང་གི་རྒྱུ་གཞན་ཅུང་ཟད་སྟོན་པའི་སྲིད་པ་ཅན། ཅུང་ཟད་སྟོན་པ་ནང་སྲིད་ཅན། ། ༈རྒྱུ་གཞན་བཀག་ནས་འབྲས་བུ་ཙམ། ། ༣འབྲས་བུ་རང་གི་ངོ་བོ་ཙམ་སྟོན་པའི་སྲིད་པ་ཅན། སྟོན་བྱེད་འབྲས་སྟོན་སྲིད་པ་ཅན། ། ༈བརྗོད་འདོད་དཔེ་ཅན་ལ་བསམས་ནས། ། དོན་རྒྱན་བཅུ་བ། དེ་མཚོན་དཔེ་ཞིག་བརྗོད་པ་ཡིས། །དཔེ་ཅན་བསྡུས་ནས་སྟོན་བྱེད་པ། །དེ་འདྲ་བསྡུས་བརྗོད་རྒྱན་དུ་འདོད། ། ༈དབྱེ་བ་བཞི་སྟེ་སྤྱི་དང་ནི། ། ༡སྤྱིའི་བསྡུས་བརྗོད།  ཁྱད་གཞི་ཐ་དད་ཁྱད་ཆོས་མཚུངས། ། ༢ཁྱད་གཞི་ཐ་དད་ཅིང་ཁྱད་ཆོས་མཚུངས་པའི་བསྡུས་བརྗོད། དེ་ལས་ལྡོག་དང་སྔོན་མེད་ཀྱི། །༣ཁྱད་གཞི་ཐ་དད་ཅིང་ཆོས་འགའ་མཚུངས་ཤིང་མི་མཚུངས་པའི་བསྡུས་བརྗོད།   ༤སྔོན་མེད་བསྡུས་བརྗོད་བཅས་སོ། བསྡུས་བརྗོད་ཅེས་བྱ་རྣམ་པ་བཞི། ། ༈ཁྱད་གཞི་ཐ་དད་ཆོས་མཚུངས་པའི། །༢ཁྱད་གཞི་ཐ་དད་ཅིང་ཁྱད་ཆོས་མཚུངས་པའི་བསྡུས་བརྗོད། དཔེར་བསྡུས་དེ་ཡི་བསྡུས་བརྗོད་རྒྱན། ། ༈ཐ་དད་ཐ་དད་མིན་པའི་ཆོས། །༣ཁྱད་གཞི་ཐ་དད་ཅིང་ཆོས་འགའ་མཚུངས་ཤིང་མི་མཚུངས་པའི་བསྡུས་བརྗོད། བརྗོད་ནས་བསྡུས་པ་དེ་བསྡུས་བརྗོད། །  ༈དོན་ལ་མི་ལྡན་ཆོས་འགར་བསམས། །༤སྔོན་མེད་བསྡུས་བརྗོད་བཅས་སོ། དེ་བྲལ་དཔེ་བརྗོད་སྔོན་མེད་བསྡུས། ། ༈ཡོངས་གྲགས་ལས་བརྒལ་འུད་ཆེན་པོས། །དོན་རྒྱན་བཅུ་གཅིག་པ། དོན་གྱི་ཁྱད་སྟོན་ཕུལ་བྱུང་རྒྱན། ། ༈དབྱེ་ན་ཁྱད་འཕགས་ཐེ་ཚོམ་དང་། །༡ཁྱད་འཕགས་ཕུལ་བྱུང་། ༢ཐེ་ཚོམ་ཕུལ་བྱུང་། ངེས་པ་ངོ་མཚར་ཕུལ་བྱུང་བཞི། །༣ངེས་པ་ཕུལ་བྱུང་།  ༤ངོ་མཚར་ཕུལ་བྱུང་།  ༈དོན་གྱི་ཁྱད་ཆོས་དེ་ལས་ལྷག།  ༡ཁྱད་འཕགས་ཕུལ་བྱུང་། དཔེ་ལ་མེད་སྟོན་ཁྱད་འཕགས་ཕུལ། ། ༈དོན་ཆོས་འགའ་ལ་ཐེ་ཚོམ་ཞེས། ། ༢ཐེ་ཚོམ་ཕུལ་བྱུང་། འུད་བརྗོད་ཐེ་ཚོམ་ཕུལ་བྱུང་ངོ་། ། ༈ངེས་རྙེད་དཀའ་ལྟར་འུད་བྱས་ནས། །༣ངེས་པ་ཕུལ་བྱུང་། རྟགས་ཀྱིས་ངེས་རྙེད་ངེས་པ་ཕུལ། ། ༈དོན་ཆོས་གཅིག་ལ་ཁྱད་འཕགས་པའི། ། ༤ངོ་མཚར་ཕུལ་བྱུང་། ཚད་འདས་བསྔགས་བརྗོད་ངོ་མཚར་ཕུལ། ། ༈སེམས་དང་ལྡན་པའམ་སེམས་མེད་ཀྱི། །དོན་རྒྱན་བཅུ་གཉིས་པ། ཁྱད་ཆོས་ཇི་ལྟར་གནས་པ་ལས། །རྣམ་པ་གཞན་དུ་སྒྲོ་བཏགས་པའི། །རབ་རྟོག་སྒྲ་ལྡན་རབ་རྟོག་རྒྱན། ། ༈དབྱེ་ན་སེམས་ལྡན་སེམས་མེད་དང་། ། ༡སེམས་ལྡན་རབ་རྟོག  ༢སེམས་མེད་རབ་རྟོགཏིང་འཛིན་རབ་རྟོག་རྣམ་པ་གསུམ། ། ༣ཏིང་འཛིན་རབ་རྟོག ༈སེམས་ལྡན་ཆོས་དངོས་གཞན་ཞིག་ཏུ། །༡སེམས་ལྡན་རབ་རྟོགསྒྲོ་བཏགས་སེམས་ལྡན་རབ་རྟོག་སྟེ། ། ༈སེམས་མེད་ཆོས་དེ་གཞན་ཞིག་ཏུ། །༢སེམས་མེད་རབ་རྟོགསྒྲོ་བཏགས་སེམས་མེད་རབ་རྟོག་གོ།  ༈སེམས་མེད་དངོས་པོར་སེམས་ལྡན་ཆོས། །༣ཏིང་འཛིན་རབ་རྟོགསྒྲོ་བཏགས་སྒྲ་ལྡན་ཏིང་འཛིན་རྟོག།  ༈རབ་རྟོག་སྒྲ་ནི་དགུ་ཡོད་དེ། །སྙམ་དང་དོགས་དང་ངེས་དང་འདྲ། ། ༡སྙམ།  ༢དོགས།  ༣ངེས།  ༤འདྲ། རྟོག་དང་མིན་ནམ་ཅིས་མ་ཡིན། །༥རྟོག ༦མིན་ནམ།  ༧ཅིས་མ་ཡིན། ཇི་ལྟར་མིན་དང་བཞིན་སྒྲ་བཅས། ། ༨ཇི་ལྟར་མིན།  ༩དེའི་སྟེང་བཞིན་གྱི་སྒྲ་བསྣན་པ་དགུའདི་རྣམས་རབ་རྟོག་གསལ་བྱེད་ལས། །མཚུངས་གསལ་སྒྲ་དང་མི་འདྲའོ། ། ༈བྱེད་པོ་ཤེས་བྱེད་དངོས་བཏགས་རྒྱུ། ། དོན་རྒྱན་བཅུ་གསུམ་པ། ཅི་རིགས་གཙོར་སྟོན་རྒྱུ་ཡི་རྒྱན། ། ༈དབྱེ་ན་རྣམ་པ་བཅུ་དྲུག་སྟེ། །དངོས་པོ་དངོས་མེད་མཚར་རྒྱུ་སྟེ། ། དང་པོ།  དངོས་པོའི་རྒྱུ།  གཉིས་པ།  དངོས་མེད་ཀྱི་རྒྱུ།  གསུམ་པ།  མཚར་བའི་རྒྱུ། རྩ་བའི་དབྱེ་བ་རྣམ་གསུམ་གྱི། ། དངོས་པོར་བྱེད་པོ་ཤེས་བྱེད་གཉིས། ། དང་པོ།  དངོས་པོའི་རྒྱུའི་ནང་གསེས།  གཅིག བྱེད་པོའི་རྒྱུ་དང་།  གཉིས།  ཤེས་བྱེད་ཀྱི་རྒྱུ་གཉིས། བྱེད་ལ་སྒྲུབ་བྱེད་ལས་རྒྱུ་གཉིས། །གཅིག བྱེད་པོའི་རྒྱུ་ལ་1སྒྲུབ་བྱེད་ཀྱི་རྒྱུ་དང་2ལས་ཀྱི་རྒྱུ་གཉིས། སྒྲུབ་བྱེད་ལ་ཡང་སྐྱེད་བྱེད་དང་། ། 1སྒྲུབ་བྱེད་ཀྱི་རྒྱུ་ལ་ཡང་༡སྐྱེད་བྱེད་འགྲུབ་པའི་རྒྱུ།  ཉམས་བྱེད་འགྲུབ་པའི་རྒྱུ་གཉིས་ཡོད། ། ༢ཉམས་བྱེད་འགྲུབ་པའི་རྒྱུ་གཉིས།  ལས་ལ་རྣམ་འགྱུར་ཐོབ་བྱ་གཉིས། ། 2ལས་ཀྱི་རྒྱུ་ལ།  ༣རྣམ་འགྱུར་གྱི་རྒྱུ།  ༤འཐོབ་བྱའི་རྒྱུ་གཉིས། ཤེས་བྱེད་ལ་ནི་ཕྱི་ནང་གཉིས། ། གཉིས།  ཤེས་བྱེད་ཀྱི་རྒྱུ་ལ།  ༥ཕྱི་ཤེས་བྱེད་ཀྱི་རྒྱུ།  ༦ནང་ཤེས་བྱེད་ཀྱི་རྒྱུ་གཉིས། དངོས་མེད་རྒྱུ་ལ་རྒྱུ་མེད་པས། ། གཉིས་པ།  དངོས་མེད་ཀྱི་རྒྱུ་ལ།  གཅིག རྒྱུ་མེད་པས་འབྲས་བུ་ཡོད་པ་སྐྱེད་པའི་བྱེད་རྒྱུ། འབྲས་བུ་ཡོད་མེད་བསྐྱེད་པ་གཉིས། ། གཉིས།  རྒྱུད་མེད་པས་འབྲས་བུ་མེད་པ་སྐྱེད་པའི་བྱེད་རྒྱུ་གཉིས། དང་པོ་ལ་ཡང་སྔ་ན་མེད། །  གཅིག རྒྱུ་མེད་པས་འབྲས་བུ་ཡོད་པ་སྐྱེད་པའི་བྱེད་རྒྱུ་ལ་ཡང་།  ༧སྔ་ན་མེད་པའི་བྱེད་རྒྱུ་དང་། ཞིག་ནས་མེད་དང་ཕན་ཚུན་མེད། ། ༨ཞིག་ནས་མེད་པའི་བྱེད་རྒྱུ།  ༩ཕན་ཚུན་མེད་པའི་བྱེད་རྒྱུ། སྤངས་ནས་མེད་པའི་བྱེད་རྒྱུ་བཞི། ། ༡༠སྤངས་ནས་མེད་པའི་བྱེད་རྒྱུ་བཅས་བཞི། རྒྱུ་མེད་འབྲས་བུ་མེད་སྐྱེད་གཅིག།  གཉིས།  ༡༡རྒྱུ་མེད་པས་འབྲས་བུ་མེད་པ་སྐྱེད་པ་གཅིགམཚར་བའི་རྒྱུ་ལ་རིང་འབྲས་དང་། ། གསུམ་པ།    མཚར་བའི་རྒྱུ་ལ།  ༡༢རིང་འབྲས་ཀྱི་རྒྱུ། རྒྱུ་འབྲས་ལྷན་ཅིག་འབྲས་བུ་སྔ། །༡༣རྒྱུ་འབྲས་ལྷན་ཅིག་པ།  ༡༤རྒྱུ་ལས་འབྲས་བུ་སྔ་བ།     རིགས་མིན་རིགས་པའི་རྒྱུ་བཅས་ལྔ། །༡༥རིགས་མིན་གྱི་རྒྱུ།  ༡༦རིགས་པའི་རྒྱུ།  བསྡོམས་བཅུ་དྲུག ༈དངོས་དེས་སྔར་མེད་འབྲས་སྐྱེད་པ། །༡སྐྱེད་བྱེད་འགྲུབ་པའི་རྒྱུའི་རྒྱན། སྐྱེད་བྱེད་འགྲུབ་པའི་རྒྱུ་ཡི་རྒྱན། ། ༈དངོས་དེས་ཆོས་གཞན་ཉམས་བྱེད་པར། ། ༢ཉམས་བྱེད་འགྲུབ་པའི་རྒྱུ། སྟོན་གང་ཉམས་བྱེད་འགྲུབ་པའི་རྒྱུ། ། ༈འགྱུར་བྱ་གང་ཞིག་འགྱུར་བྱེད་ཀྱིས། ། ༣རྣམ་འགྱུར་གྱི་རྒྱུ། འསྒྱུར་བར་སྟོན་པ་རྣམ་འགྱུར་རྒྱུ། ། ༈འཐོབ་བྱ་གང་ཞིག་ཐོབ་བྱེད་དེས། ། ༤འཐོབ་བྱའི་རྒྱུ་གཉིས། ཐོབ་པར་སྟོན་པ་འཐོབ་བྱའི་རྒྱུ། ། ༈གང་ཞིག་བརྗོད་པས་དུས་བཞི་ཆོགས། ། ༥ཕྱི་ཤེས་བྱེད་ཀྱི་རྒྱུ། ཤེས་འགྱུར་ཕྱི་ཡི་ཤེས་བྱེད་རྒྱུ། ། ༈གང་ཞིག་བརྗོད་པས་སྐྱེས་བུའི་སེམས། ། ༦ནང་ཤེས་བྱེད་ཀྱི་རྒྱུ་གཉིས། ནང་ཁྱད་རྟོགས་བྱེད་ནང་ཤེས་རྒྱུ། ། ༈སྔར་མེད་རྒྱུ་དེས་འབྲས་བུ་གཞན། ། ༧སྔ་ན་མེད་པའི་བྱེད་རྒྱུ་དང་། འབྱུང་སྟོན་སྔ་ནས་མེད་བྱེད་རྒྱུ། ། ༈རྒྱུ་འགའ་ཞིག་ལས་འབྲས་བུ་གཞན། ། ༨ཞིག་ནས་མེད་པའི་བྱེད་རྒྱུ། ཐོབ་སྟོན་ཞིག་ནས་མེད་པའི་རྒྱུ། ། ༈ཕན་ཚུན་མི་གནས་རྒྱུ་དེས་འབྲས། ། ༩ཕན་ཚུན་མེད་པའི་བྱེད་རྒྱུ། གཞན་ཐོབ་ཕན་ཚུན་མེད་པའི་རྒྱུ། ། ༈རྒྱུ་གང་སྤངས་པས་འབྲས་བུ་གཞན། །༡༠སྤངས་ནས་མེད་པའི་བྱེད་རྒྱུ་བཅས་བཞི། ཐོབ་བརྗོད་སྤངས་ནས་མེད་རྒྱུའི་རྒྱན། ། ༈རྒྱུ་ལ་དགག་ཚིག་བརྩེགས་མར་སྦྱར། །  ༡༡རྒྱུ་མེད་པས་འབྲས་བུ་མེད་པ་སྐྱེད་པ་གཅིགབརྟག་པ་མཐའ་བཟུང་ཚིག་བརྗོད་པས། །འབྲས་བུ་མ་འོངས་མེད་སྐྱེད་སྟོན། །རྒྱུ་མེད་པས་ནི་འབྲས་མེད་སྐྱེད། ། ༡༢རིང་འབྲས་ཀྱི་རྒྱུ།  ༈རིང་ན་གནས་པའི་རྒྱུ་གང་ལས། །འབྲས་བུ་སྐྱེད་སྟོན་རིང་འབྲས་རྒྱུ། ། ༈རྒྱུ་དང་འབྲས་བུ་ལྷན་ཅིག་ཏུ། ། ༡༣རྒྱུ་འབྲས་ལྷན་ཅིག་པ། འབྱུང་སྟོན་རྒྱུ་འབྲས་ལྷན་ཅིག་པ། ། ༈འབྲས་བུ་སྔོན་དང་དེ་རྗེས་རྒྱུ། ། ༡༤རྒྱུ་ལས་འབྲས་བུ་སྔ་བ། འགྲུབ་སྟོན་རྒྱུ་ལས་འབྲས་བུ་སྔ། ། ༈རྒྱུ་དེས་འབྲས་བུ་མི་འོས་པ། ། ༡༥རིགས་མིན་གྱི་རྒྱུ། གཞན་ཞིག་སྐྱེད་སྟོན་རིགས་མིན་རྒྱུ། ། ༈རྒྱུ་དེས་འོས་པའི་འབྲས་བུ་གཞན། ། ༡༦རིགས་པའི་རྒྱུ། སྐྱེ་བར་སྟོན་གང་རིགས་པའི་རྒྱུ། ། ༈ཕྱི་ནང་རྣམ་འགྱུར་བརྡ་སོགས་ཀྱིས། ། དོན་རྒྱན་བཅུ་བཞི། བསམ་དོན་གོ་བྱེད་ཕྲ་མོའི་རྒྱན། ། ༈དབྱེ་ན་ཟུར་གྱི་ཕྲ་མོ་དང་། །  ༡ཟུར་གྱི་ཕྲ་མོ་དང་། རྣམ་པའི་ཕྲ་མོ་གཉིས་སུ་འདོད། ། ༢རྣམ་པའི་ཕྲ་མོ།  ༈བསམ་དོན་མཚོན་བྱེད་ཕྱི་ཡི་བརྡས། ། ༡ཟུར་གྱི་ཕྲ་མོ་དང་། གོ་བྱེད་ཟུར་གྱི་ཕྲ་མོར་འདོད། ། ༈བསམ་འདོན་མ་སྨོན་རྣམ་འགྱུར་གྱིས། ། ༢རྣམ་པའི་ཕྲ་མོ། དོན་སྟོན་རྣམ་པའི་ཕྲ་མོའོ། ། ༈བསྒྲིབ་བྱའི་དོན་གང་སྒྲིབ་བྱེད་ཀྱིས། །དོན་རྒྱན་བཅོ་ལྔ། ཟོལ་དུ་ཁ་བསྒྱུར་ཆ་ཡི་རྒྱན། ། ༈དབྱེ་ན་བཞི་སྟེ་འོས་པ་དང་། ། ༡འོས་པའི་ཆ། མི་འོས་ཟོལ་གྱིས་སྨད་དང་བསྟོད། །༢མི་འོས་པའི་ཆ།  ༣ཟོལ་གྱིས་སྨད་པའི་ཆ།  ༤ཟོལ་གྱིས་བསྟོད་པའི་ཆ།  ༈གསལ་ཟིན་འོས་པའི་བསྒྲིབ་བྱའི་དོན། །༡འོས་པའི་ཆ། དེ་མཐུན་སྒྲིབ་བྱེད་འོས་པ་གཞན། །ཟོལ་གྱིས་སྨྲས་ཏེ་སྦེད་བྱེད་པ། །འོས་པའི་ཆ་ཡི་རྒྱན་དུ་འདོད། ། ༈གསལ་ཟིན་འོས་མིན་དངོས་པོ་ཞིག། ༢མི་འོས་པའི་ཆ། སྒྲིབ་བྱེད་འོས་པའི་དངོས་གཞན་ལ། །བསྒྱུར་ནས་ཟོལ་གྱིས་སྦེད་བྱེད་པ། །མི་འོས་པ་ཡི་ཆ་རྒྱན་ཉིད། ། ༈བསྒྲིབ་བྱའི་སྐྱོན་སོགས་བསྟོན་པའི་ཚུལ། །༣ཟོལ་གྱིས་སྨད་པའི་ཆ། བྱས་ཏེ་སྨད་པ་ཟོལ་གྱིས་སྨད། ། ༈སྒྲིབ་བྱེད་ཟོལ་གྱིས་སྨད་པའི་ཤུགས། །༤ཟོལ་གྱིས་བསྟོད་པའི་ཆ། ཡོན་ཏན་སྟོན་པ་བསྟོད་པའི་ཆ། ། ༈བརྗོད་བྱའི་དོན་གྱི་གོ་རིམ་ལྟར། །དོན་རྒྱན་བཅུ་དྲུགདཔེ་རྣམས་བཀོད་པ་རིམ་པ་ཅན། ། ༈ཁྱད་འཕགས་ཉམས་ལྡན་དགའ་བའི་སེམས། །དོན་རྒྱན་བཅུ་བདུན། དངོས་སུ་སྟོན་བྱེད་དགའ་བའི་རྒྱན། ། ༈དབྱེ་ན་དངོས་ཐོབ་དགའ་བ་དང་། ། ༡དངོས་ཐོབ་ཀྱི་དགའ་བ་དང་ ﹙རེ་བ་དང་བཅས་པའི་དགའ་བ﹚། གཟུགས་བརྙན་གྱི་ནི་དགའ་བ་གཉིས། ། ༢གཟུགས་བརྙན་གྱི་དགའ་བ་﹙རེ་བ་མེད་པའི་དགའ་བ﹚བཅས་སོ།  ༈དགའ་ཡུལ་དངོས་ཐོབ་དགའ་བའི་ཉམས། །༡དངོས་ཐོབ་ཀྱི་དགའ་བ།  སྟོན་བྱེད་དངོས་ཐོབ་དགའ་བའི་རྒྱན། ། ༈གཟུགས་བརྙན་ཙམ་ལའང་དགའ་བའི་ཉམས། །༢གཟུགས་བརྙན་གྱི་དགའ་བ། སྟོན་བྱེད་གཟུགས་བརྙན་དགའ་བའི་རྒྱན། ། ༈སྒེག་སོགས་ཉམས་བརྒྱད་གང་རུང་གི། དོན་རྒྱན་བཅོ་བརྒྱད། རྣམ་འགྱུར་སྟོན་པ་ཉམས་ལྡན་རྒྱན། །དབྱེ་ན་རྣམ་པ་བརྒྱད་ཡིན་ཏེ། །སྒེག་དང་དྲག་ཤུལ་དཔའ་བ་དང་། ། ༡སྒེག་པའི་ཉམས།  ༢དྲག་ཤུལ་གྱི་ཉམས།      ༣དཔའ་བའི་ཉམས། སྙིང་རྗེ་མི་སྡུག་གཞད་གད་དང་། ། ༤སྙིང་རྗེའི་ཉམས།  ༥མི་སྡུག་པའི་ཉམས།        ༦གཞད་གད་ཀྱི་ཉམས། རྨད་བྱུང་དང་ནི་འཇིགས་རུང་ངོ་། ། ༧རྨད་བྱུང་གི་ཉམས།  ༨འཇིགས་རུང་གི་ཉམས་སོ།   ༈ཁྱད་འཕགས་ཡོན་ཏན་ལྡན་པ་ཡི། །༡སྒེག་པའི་ཉམས། ཉམས་འགྱུར་བརྗོད་པ་སྒེག་པའི་ཉམས། ། ༈ཁྲོས་པའི་ཉམས་ཀྱིས་ཕྱི་རོལ་ཏུ། ། ༢དྲག་ཤུལ་གྱི་ཉམས།     དྲག་ཤུལ་ཆེ་སྟོན་དྲག་ཤུལ་ཉམས། ། ༈ཕུན་ཚོགས་ཡོན་ཏན་ལྡན་པ་ལས། ། ༣དཔའ་བའི་ཉམས། སྤྲོ་བ་འཕེལ་སྟོན་དཔའ་བའི་ཉམས། ། ༈སྡུག་བསྔལ་རྒྱུ་དང་དེ་འབྲས་ལ། །༤སྙིང་རྗེའི་ཉམས།     སྤྱོད་པར་མི་བཟོད་སྙིང་རྗེའི་ཉམས། ། ༈ཡིད་དུ་མི་འོང་དངོས་པོ་ཡིས། །༥མི་སྡུག་པའི་ཉམས། ཞེ་ལོག་སྐྱེད་བྱེད་མི་སྡུག་ཉམས། ། ༈བརྗོད་པའི་ཚིག་དེས་ཉན་པ་པོར། །  ༦གཞད་གད་ཀྱི་ཉམས། གཞད་གད་འཕེལ་བྱེད་གཞད་གད་ཉམས། ། ༈སྔོན་མེད་ཁྱད་འཕགས་ཡོན་ཏན་གྱིས། །༧རྨད་བྱུང་གི་ཉམས། ངོ་མཚར་སྐྱེས་སྟོན་རྨད་བྱུང་ཉམས། ། ༈འཇིགས་སུ་རུང་བའི་རྒྱུ་གང་ལས། །༨འཇིགས་རུང་གི་ཉམས་སོ། སྐྲག་པའི་ཉམས་སྟོན་འཇིགས་རུང་ཉམས། ། ༈གཞན་ལས་ཁྱད་འཕགས་ང་རྒྱལ་གྱི། ། དོན་རྒྱན19པ་གཟི་བརྗིད་ཅན་གྱི་རྒྱན། ཚིག་སྨྲས་གཟི་བརྗིད་ཅན་གྱི་རྒྱན། ། ༈འདོད་དོན་འགྲུབ་སླད་ཚིག་གཞན་གྱིས། །དོན་རྒྱན20པ་རྣམ་གྲངས་བརྗོད་པའི་རྒྱན། བརྗོད་པ་རྣམ་གྲངས་བརྗོད་པའི་རྒྱན། །  ༈བྱ་བ་རྩོམ་ཚེ་སྟེས་དབང་གིས། ། དོན་རྒྱན21ཀུན་ཕན་གྱི་རྒྱན། རྐྱེན་གཞན་འཛོམས་སྟོན་ཀུན་ཕན་རྒྱན། ། ༈བསམ་པའམ་ནི་འབྱོར་པའི་ཆོས། །དོན་རྒྱན22རྒྱ་ཆེ་བའི་རྒྱན། བླ་ན་མེད་སྟོན་རྒྱ་ཆེའི་རྒྱན། ། ༈དབྱེ་ན་གཉིས་ཏེ་བསམ་པ་དང་། ། ༡བསམ་པ་རྒྱ་ཆེ་བ། འབྱོར་བ་བླ་མེད་རྒྱ་ཆེ་བའོ། །༢འབྱོར་བ་རྒྱ་བའོ།  ༈བསམ་པའི་ཁྱད་པར་བླ་མེད་ཚུལ། །༡བསམ་པ་རྒྱ་ཆེ་བ། བརྗོད་པ་བསམ་པ་རྒྱ་ཆའི་རྒྱན། ། ༈གནས་སོགས་འབྱོར་པ་བླ་མེད་ཆོས། ། ༢འབྱོར་བ་རྒྱ་བའོ། སྟོན་བྱེད་འབྱོར་པ་རྒྱ་ཆེའི་རྒྱན། ། ༈དངོས་ཡོད་དོན་དེར་དེ་མིན་ཞེས། ། དོན་རྒྱན23པ་བསྙོན་དོར་གྱི་རྒྱན། བསྙོན་ནས་བརྗོད་པ་བསྙོན་དོར་རྒྱན། ། ༈དབྱེ་ན་གསུམ་སྟེ་ཁྱད་ཆོས་དང་། ། ༡ཁྱད་ཆོས་ལ་བསྙོན་དོར། ཡུལ་དང་རང་བཞིན་བཅས་པའོ། །༢ཡུལ་ལ་བསྙོན་དོར།  ༣རང་བཞིན་ལ་བསྙོན་དོར།  ༈ཁྱད་ཆོས་དངོས་དེ་གཞན་ཞིག་ཏུ། །༡ཁྱད་ཆོས་ལ་བསྙོན་དོར། བརྗོད་དེ་ཆོས་ལ་བསྙོན་དོར་ཡིན། ། ༈ཡུལ་ལ་ལྟོས་ནས་རྣམ་གཞན་དུ། །༢ཡུལ་ལ་བསྙོན་དོར། འགྱུར་བར་སྟོན་པ་ཡུལ་ལ་བསྙོན། ། ༈དངོས་དེའི་རང་བཞིན་གཞན་ཞིག་ཏུ། །༣རང་བཞིན་ལ་བསྙོན་དོར། གནས་པར་སྟོན་པ་རང་བཞིན་ལའོ། ། ༈ཚིག་གཟུགས་གཅིག་པས་སྦྱར་བ་ལས། །དོན་རྒྱན24པ་སྦྱར་བའི་རྒྱན། སྒྲ་དོན་གང་རུང་མཚུངས་པ་ཡིས། །ཕན་ཚུན་སྦྱར་གཞི་སྦྱར་ཆོས་དག། དུ་མའི་དོན་ཅན་སྦྱར་བའི་རྒྱན། ། ༈དབྱེ་ན་གཅོད་མཚམས་ཐ་དད་མིན། ། ༡གཅོད་མཚམས་ཐ་དད་མིན་པའི་སྦྱར་བ།    གཅོད་མཚམས་ཐ་དད་ཚིག་འདྲ་དང་། །༢ཐ་དད་ཚིག་འདྲའི་སྦྱར་བ། བྱ་བ་ཐ་དད་མིན་པ་དང་། ། ༣བྱ་བ་ཐ་དད་མིན་པའི་སྦྱར་བ། བྱ་བ་འགལ་མིན་འགལ་བའི་ལས། ། ༤བྱ་བ་འགལ་བ་མིན་པའི་སྦྱར་བ།  ༥འགལ་བའི་ལས་ཅན་གྱི་སྦྱར་བ། ངེས་པ་ཅན་དང་ངེས་འགོག་དང་། ། ༦ངེས་པ་ཅན་གྱི་སྦྱར་བ།  ༧ངེས་པ་འགོག་པའི་སྦྱར་བ། འགལ་མེད་འགལ་བ་ཅན་ཏེ་དགུ།  ༨འགལ་བ་མེད་པའི་སྦྱར་བ།  ༩འགལ་བ་ཅན་གྱི་སྦྱར་བ་བཅས་སོ།  ༈ཚིག་གཟུགས་གཅིག་ལ་གཅོད་མཚམས་ཀྱང་། ། ༡གཅོད་མཚམས་ཐ་དད་མིན་པའི་སྦྱར་བ།    ཐ་དད་མིན་པའི་སྦྱར་བའི་རྒྱན། ། ༈གཟུགས་གཅིག་གཅོད་མཚམས་མི་འདྲ་བས། ། ༢ཐ་དད་ཚིག་འདྲའི་སྦྱར་བ། སྦྱར་རུང་ཐ་དད་ཚིག་འདྲའི་སྦྱར། ། ༈སྦྱར་གཞི་གཉིས་ཀས་བྱ་བ་གཅིག།  ༣བྱ་བ་ཐ་དད་མིན་པའི་སྦྱར་བ། བྱེད་སྟོན་བྱ་བ་ཐ་དད་མིན། ། ༈སྦྱར་ཆོས་མང་པོའི་བྱ་བ་རྣམས། ། ༤བྱ་བ་འགལ་བ་མིན་པའི་སྦྱར་བ། གཞི་ལ་ལྟོས་ནས་ཐ་དད་ཀྱང་། ། ༈འབྲས་བུ་གཅིག་གི་གྲོགས་སུ་འགྱུར། །བྱ་བ་འགལ་མིན་སྦྱར་བའི་རྒྱན། ། ༈གཞི་ཆོས་སྦྱར་བའི་བྱ་བ་འགལ། ། ༥འགལ་བའི་ལས་ཅན་གྱི་སྦྱར་བ། འགལ་བའི་ལས་ཅན་སྦྱར་བའི་རྒྱན། ། ༈གཉིས་ཀར་སྦྱར་ཡང་སྐབས་དོན་འདིར། ། ༦ངེས་པ་ཅན་གྱི་སྦྱར་བ། ངེས་པར་འཇུག་སྟོན་ངེས་ཅན་སྦྱར། ། ༈སྒྲ་གཅིག་སྒྲ་དོན་གང་རུང་གིས། ། ༧ངེས་པ་འགོག་པའི་སྦྱར་བ། སྦྱར་ཆོས་གཅིག་ལ་ངེས་བསྟན་ནས། །སླར་ཡང་དེ་ཉིད་གཞན་ལའང་། །ལྡན་པར་སྟོན་པ་ངེས་འགོག་སྦྱར། ། ༈དོན་གྱི་སྦྱར་གཞི་སྦྱར་ཆོས་རྣམས། ། ༨འགལ་བ་མེད་པའི་སྦྱར་བ། དཔེ་ཡི་ཁྱད་གཞི་ཁྱད་ཆོས་དང་། །འགལ་མེད་སོ་སོར་མིམ་སྦྱར་བ། །འགལ་བ་མེད་པའི་སྦྱར་བའི་རྒྱན། ། ༈དོན་གྱི་སྦྱར་གཞིར་སྦྱར་ཆོས་རྣམས། ། ༩འགལ་བ་ཅན་གྱི་སྦྱར་བ་བཅས་སོ། ཕན་ཚུན་འགལ་བར་སྦྱར་རུང་ཞིང་། །དཔེ་ཡི་སྦྱར་གཞིར་དེ་ལྟར་དུ། །རུང་མིན་འགལ་བ་ཅན་གྱི་སྦྱར། ། ༈གང་དུ་ཡོན་ཏན་རིགས་ལ་སོགས། ། དོན་རྒྱན25པ་ཁྱད་པར་བརྗོད་པའི་རྒྱན། ཁྱད་ཆོས་གཞན་འགའ་མ་ཚང་ཡང་། །དམིགས་བསལ་ཁྱད་པར་ལྡན་པར་སྟོན། །དེ་ནི་ཁྱད་པར་བརྗོད་པའི་རྒྱན། ། ༈དབྱེ་ན་ཡོན་ཏན་རིགས་དང་ལས། །བྱ་བ ༡ཡོན་ཏན་མ་ཚང་བའི་ཁྱད་པར་བརྗོད་པ།  ༢རིགས་མ་ཚང་བའི་ཁྱད་པར་བརྗོད་པ།  ༣བྱ་བ་མ་ཚང་བའི་ཁྱད་པར་བརྗོད་པ། རྫས་དང་རྒྱུ་ཡི་ཁྱད་པར་ལྔ། ། ༤རྫས་མ་ཚང་བའི་ཁྱད་པར་བརྗོད་པ། ༥རྒྱུ་མ་ཚང་བའི་ཁྱད་པར་བརྗོད་པ་བཅས་སོ།  ༈ཡོན་ཏན་འགའ་ཞིག་ཚང་མིན་ཡང་། །  ༡ཡོན་ཏན་མ་ཚང་བའི་ཁྱད་པར་བརྗོད་པ། ཁྱད་འཕགས་ཡོན་ཏན་ལྡན་པར་བརྗོད། ། ༈རིགས་ཀྱི་ཁྱད་པར་མ་ཚང་ཡང་། ། ༢རིགས་མ་ཚང་བའི་ཁྱད་པར་བརྗོད་པ། ཁྱད་ཆོས་དེ་དང་ལྡན་པར་བརྗོད། ། ༈བྱ་བ་འགའ་ཡང་མ་བྱས་པར། ། ༣བྱ་བ་མ་ཚང་བའི་ཁྱད་པར་བརྗོད་པ། འབྲས་ཐོབ་བྱ་བའི་ཁྱད་པར་བརྗོད། ། ༈རྫས་ཀྱི་ཁྱད་པར་མ་ཚང་ཡང་། ། ༤རྫས་མ་ཚང་བའི་ཁྱད་པར་བརྗོད་པ། འབྲས་ཐོབ་རྫས་ཀྱི་ཁྱད་པར་བརྗོད། ། ༈རྒྱུ་ཡི་ཁྱད་པར་མ་ཚང་ཡང་། ། ༥རྒྱུ་མ་ཚང་བའི་ཁྱད་པར་བརྗོད་པ་བཅས་སོ། འབྲས་ཐོབ་རྒྱུ་ཡི་ཁྱད་པར་བརྗོད། ། ༈བརྗོད་འདོད་དངོས་པོ་འགའ་ཞིག་ནི། །དོན་རྒྱན26པ་མཚུངས་སྦྱོར་གྱི་རྒྱན། མིང་ངམ་རྣམ་གྲངས་གང་རུང་གིས། །སྒྲོ་བཏགས་མཚུངས་ཆོས་གཅིག་ཉིད་དུ། །མཚུངས་པར་སྦྱོར་བ་མཚུངས་སྦྱོར་དང་། ། ༈དབྱེ་ན་བསྟོད་པའི་མཚུངས་སྦྱོར་དང་། ། ༡བསྟོད་པའི་མཚུངས་སྦྱོར། སྨད་པའི་མཚུངས་སྦྱོར་གཉིས་སུ་ཡོད། །༢སྨད་པའི་མཚུངས་སྦྱོར།  ༈བསྟོད་པའ་ཡུལ་འགའ་མིང་གིས་སམ། །༡བསྟོད་པའི་མཚུངས་སྦྱོར། རྣམ་གྲངས་སྒོ་ནས་མཚུངས་པར་སྦྱོར། ། ༈སྨད་པའི་ཡུལ་འགར་མིང་གིས་སམ། །༢སྨད་པའི་མཚུངས་སྦྱོར། རྣམ་གྲངས་སྒོ་ནས་མཚུངས་པར་སྨད། ། ༈འགལ་བའི་ཆོས་འགའ་གཞི་གཅིག་ལ། །དོན་རྒྱན27པ་འགལ་བའི་རྒྱན། མཉམ་དུ་འགྲོགས་སྟོན་འགལ་བའི་རྒྱན། ། ༈དབྱེ་ན་དྲུག་སྟེ་ཁྱད་གཞི་ནི། །ཐ་དད་བྱ་བ་འགལ་བ་དང་། ། ༡ཁྱད་གཞི་ཐ་དད་པའི་བྱ་བ་འགལ་བ། ཡོན་ཏན་རྫས་དང་ཆོས་མང་འགལ། །༢གཞི་གཅིག་གི་བྱེད་པ﹙ཡོན་ཏན﹚འགལ་བ།  ༣རྫས་འགལ་བ།  ༤གཞི་གཅིག་གི་ཆོས་མང་པོ་འགལ་བ། གཞི་གཅིག་ལས་འགལ་སྦྱར་འགལ་ལོ། ། ༥གཞི་གཅིག་གི་བྱ་བ་འགལ་བ།  ༦སྦྱར་བའི་འགལ་བ་བཅས་སོ།  ༈ཁྱད་གཞི་ཐ་དད་བྱ་བ་འགལ། ། ༡ཁྱད་གཞི་ཐ་དད་པའི་བྱ་བ་འགལ་བ།  མཉམ་དུ་འགྲོགས་སྟོད་དེ་ཡི་རྒྱན། ། ༈ཁྱད་གཞི་གཅིག་གི་ཁྱད་ཆོས་གཉིས། །༢གཞི་གཅིག་གི་བྱེད་པ་﹙ཡོན་ཏན﹚འགལ་བ། འགལ་བ་སྟོན་པ་ཡོན་ཏན་འགལ། ། ༈གཞི་གཅིག་སྟེང་དུ་འགལ་བའི་རྫས། ། ༣རྫས་འགལ་བ། མང་པོ་མཉམ་འགོག་རྫས་འགལ་རྒྱན། ། ༈གཞི་གཅིག་འགལ་བའི་ཆོས་མང་ལྡན། །༤གཞི་གཅིག་གི་ཆོས་མང་པོ་འགལ་བ། གཞི་གཅིག་ཆོས་མང་འགལ་བའི་རྒྱན། ། ༈བྱ་བ་བྱས་མིན་བྱ་བའི་ལས། ། ༥གཞི་གཅིག་གི་བྱ་བ་འགལ་བ། ལྡན་སྟོན་གཞི་གཅིག་བྱ་འགལ་རྒྱན། ། ༈འགལ་བའི་དངོས་པོ་ཚིག་ལ་སྦྱར། ། ༦སྦྱར་བའི་འགལ་བ་བཅས་སོ། སྤེལ་བ་གཙོར་བྱེད་སྦྱར་འགལ་རྒྱན། ། ༈བསྟོད་པའི་སྐབས་མིན་འདོད་དབང་གིས། །དོན་རྒྱན28སྐབས་མིན་བསྟོད་པའི་རྒྱན། བསྟོད་བྱས་སྐབས་མིན་བསྟོད་པའི་རྒྱན། ། ༈སྨད་པ་ལྟར་བྱས་དོན་དངོས་སུ། ། དོན་རྒྱན29ཟོལ་བསྟོད་ཀྱི་བརྒྱན། ཡོན་ཏན་བརྗོད་པ་ཟོལ་བསྟོད་རྒྱན། ། ༈དབྱེ་ན་མཐུ་དང་དཔའ་བ་རྣམས། །༡མཐུ་ཕུན་སུམ་ཚོགས་པའི་ཟོལ་བསྟོད།  ༢དཔའ་བ་ཕུན་སུམ་ཚོགས་པའི་ཟོལ་བསྟོད། ཕུན་ཚོགས་སྦྱར་བའི་ཟོལ་བསྟོད་གསུམ། །༣སྦྱར་བའི་ཟོལ་བསྟོད་བཅས་གསུམ།   ༈ནུས་མཐུའི་ཁྱད་བརྗོད་མ་སྙེམས་ཞེས། །༡མཐུ་ཕུན་སུམ་ཚོགས་པའི་ཟོལ་བསྟོད། སྨད་པ་ལྟར་བྱས་མཐུའི་ཟོལ་བསྟོད། ། ༈ཞུམ་མེད་ཡོན་ཏན་སྨད་པ་ལྟར། ། ༢དཔའ་བ་ཕུན་སུམ་ཚོགས་པའི་ཟོལ་བསྟོད། བྱས་པ་དཔའ་བའི་ཟོལ་བསྟོད་རྒྱན། ། ༈སྒྲ་དོན་གང་རུང་སྦྱར་བ་ཡིས། ། ༣སྦྱར་བའི་ཟོལ་བསྟོད་བཅས་གསུམ། སྨད་པ་ལྟར་བྱས་སྦྱར་བའི་ཟོལ། ། ༈ངེས་པ་སྟོན་བྱེད་གཞན་ཞིག་གིས། །དོན་རྒྱན30ངེས་བསྟན་གྱི་རྒྱན། དེ་མཚུངས་མཆོག་གམ་མཆོག་མིན་དུ། །ངེས་བསྟན་གསལ་བྱེད་སྒྲ་ལྡན་པས། །དོན་དངོས་མཚོན་བྱེད་ངེས་བསྟན་རྒྱན། ། ༈དབྱེ་ན་མཆོག་དང་མཆོག་མིན་གྱི། ། ༡མཆོག་གི་ངེས་བསྟན། ངེས་བསྟན་རྣམ་པ་གཉིས་སུ་འདོད། ། ༢མཆོག་མེན་ངེས་བསྟན་གཉིས།  ༈མཆོག་གི་དོན་མཚོན་དཔེ་སྔར་བཀོད། །༡མཆོག་གི་ངེས་བསྟན། ངེས་བསྟན་སྒྲ་སྦྱར་མཆོག་ངེས་བསྟན། ། ༈མཆོག་མིན་དཔེ་བཀོད་དོན་མཚོན་པའི། །༢མཆོག་མེན་ངེས་བསྟན་གཉིས། སྒྲ་སྦྱར་མཆོག་མིན་ངེས་བསྟན་རྒྱན། ། ༈ཡོན་ཏན་ལས་སོགས་ལྷན་ཅིག་ཏུ། ། དོན་རྒྱན31ལྷན་ཅག་བརྗོད་པའི་རྒྱན། འགྲོགས་སྟོན་ལྷན་ཅིག་བརྗོད་པའི་རྒྱན། ། ༈དབྱེ་ན་གསུམ་སྟེ་ཡོན་ཏན་དང་། ། ༡ཡོན་ཏན་ལྷན་ཅིག་བརྗོད་པ། བྱ་བ་ཐ་དད་བྱ་བ་གཅིག།  ༢བྱ་བ་ཐ་དད་པ་ལྷན་ཅིག་བརྗོད་པ།  ༣བྱ་བ་གཅིག་པའི་ལྷན་ཅིག་བརྗོད་པ་བཅས་གསུམ།  ༈གང་གི་ཡོན་ཏན་དངོས་གཞན་དང་། ། ༡ཡོན་ཏན་ལྷན་ཅིག་བརྗོད་པ།  ལྷན་བརྗོད་ཡོན་ཏན་ལྷན་ཅིག་བརྗོད། ། ༈གང་དང་བྱ་བ་ཐ་དད་པའི། །༢བྱ་བ་ཐ་དད་པ་ལྷན་ཅིག་བརྗོད་པ། དངོས་པོ་མཉམ་བརྗོད་དེ་ཡི་རྒྱན། ། ༈ཁྱད་གཞི་ཐ་དད་བྱ་བ་གཅིག།  ༣བྱ་བ་གཅིག་པའི་ལྷན་ཅིག་བརྗོད་པ་བཅས་གསུམ། ལྷན་བརྗོད་བྱ་བ་གཅིག་པའི་རྒྱན། ། ༈བརྗོད་འདོད་ཡོན་ཏན་ལས་ལ་སོགས། ། དོན་རྒྱན32ཡོངས་བརྗེས་ཀྱི་རྒྱན། ཕན་ཚུན་བསྣོལ་བ་ཡོངས་བརྗེས་རྒྱན། ། ༈དངོན་འདོད་དངོས་པོ་སྲུང་སྒྲུབ་ཕྱིར། །དོན་རྒྱན33ཤིས་བརྗོད་ཀྱི་རྒྱན། གེགས་མེད་སྨོན་པ་ཤིས་བརྗོད་རྒྱན། ། ༈རྣམ་པ་མི་འདྲའི་རྒྱན་གཉིས་ཡན། །དོན་རྒྱན34རབ་སྤེལ་གྱི་རྒྱན། མཉམ་དུ་བསྲེས་པ་རབ་སྤེལ་རྒྱན། ། ༈དབྱེ་ན་གཅིག་ལ་གཅིག་བརྟེན་དང་། ། ༡གཅིག་ལ་གཅིག་བརྟེན་གྱི་རབ་སྤེལ། སྟོབ་མཚུངས་རབ་སྤེལ་རྣམ་པ་གཉིས། །༢སྟོབས་མཚུངས་རབ་སྤེལ་གཉིས།  ༈བསྲེ་བྱའི་རྒྱན་རྣམས་ཕན་ཚུན་ལྟོས། །༡གཅིག་ལ་གཅིག་བརྟེན་གྱི་རབ་སྤེལ། གཅིག་ལ་གཅིག་བརྟེན་རབ་སྤེལ་རྒྱན། ། ༈བསྲེ་བྱའི་རྒྱན་རྣམས་རང་དབང་དུ། །༢སྟོབས་མཚུངས་རབ་སྤེལ་གཉིས། སྤེལ་བ་སྟོབས་མཚུངས་རབ་སྤེལ་ཡིན། ། ༈ཆོས་གཞིའི་བསམ་པའི་དབང་བྱས་ནས། །དོན་རྒྱན35དགོངས་པ་ཅན་གྱི་རྒྱན། སྦྱར་བའི་སྙན་ངག་དགོངས་པ་ཅན། །དོན་རྒྱན་སོ་ལྔའི་གནད་བསྡུས་པ། །གཉིས་པའི་སྡོམ་ཙམ་བསྟན་ཟིན་ཏོ། །ལེའུ་གསུམ་པ།  ༈རྗོད་བྱེད་ཚིག་གང་ཡིག་གཟུགས་དང་། ། སྒྲ་རྒྱན། སྒྲ་དང་མཚུངས་པར་སྦྱར་བ་ལས། །ཚིག་སྦྱོར་མཛེས་ཤིང་བརྗོད་དོན་ཀྱང་། །ལེགས་པར་སྟོན་ནུས་སྒྲ་ཡི་རྒྱན། ། ༈རྩ་བའི་དབྱེ་བ་རྣམ་གསུམ་སྟེ། ། སྒྲ་རྒྱན་གྱི་རྩ་བའི་དབྱེ་བ་གསུམ། ཡི་གེ་བསྐོར་བའི་ཟུང་ལྡན་དང་། ། 1ཡི་གེ་བསྐོར་བའི་ཟུང་ལྡན་དང་། བྱ་དཀའི་རྣམས་གྲངས་གཞན་དང་ནི། །2བྱ་དཀའ་བའི་རྣམ་གྲངས་གཞན་དང་། དབྱངས་སོགས་ངེས་པའི་བྱ་དཀའོ། ། 3དབྱངས་སོགས་ངེས་པའི་བྱ་དཀའ་བ་བཅས་སོ།  ༈ཚིག་སྦྱོར་གང་དུ་གཟུགས་མཚུངས་པའི། ། 1ཡི་གེ་བསྐོར་བའི་ཟུང་ལྡན། ཡི་གེའི་བར་དུ་ཚིག་གཞན་གྱིས། །ཆོད་དང་མ་ཆོད་ཅི་རིགས་པས། །ཡང་ཡང་བསྐོར་བ་ཟུང་ལྡན་རྒྱན། ། ༈ཡི་གེ་བསྐོར་བའི་ཟུང་ལྡན་ལ། །དང་པོར་ཡོད་དང་གཞན་ལ་ཡོད། ། ༡བྱ་སླ་བ་རྐང་པའི་དང་པོ་ན་ཡོད་པའི་ཟུང་ལྡན།  ༢བྱ་དཀའ་བ་གནས་གཞན་ན་ཡོད་པའི་ཟུང་ལྡན། མཐའ་ཐོག་སྦྱར་དང་ཀུན་ཏུ་སྦྱར། ། ༣མཐའ་ཐོག་སྦྱར་བའི་ཟུང་ལྡན །  ༤ཀུན་ཏུ་སྦྱར་བའི་ཟུང་ལྡན། བསྲེས་དང་བཟློག་པའི་ཟུང་ལྡན་དྲུག། ༥བསྲེས་པའི་ཟུང་ལྡན།  ༦བཟློག་པའི་ཟུང་ལྡན་བཅས་སོ།  ༈ཟུང་ལྡན་ཚིག་དེ་རྐང་བ་ཡི། ། ༡བྱ་སླ་བ་རྐང་པའི་ཐོག་མ་ན་ཡོད་པའི་ཟུང་ལྡན།  ཐོག་ཡོད་ཐོག་མའི་ཟུང་ལྡན་ཡིན། ། ༈བར་མ་ཆོད་དང་བར་ཆོད་དང་། ། ༡བར་མ་ཆོད་པའི་ཟུང་ལྡན།  ༢བར་ཆོད་པའི་ཟུང་ལྡན། ཆོད་ཅིང་མ་ཆོད་ཟུང་ལྡན་གསུམ། །༣བར་ཆོད་ཅིང་མ་་ཆོད་པའི་ཟུང་ལྡན་བཅས་སོ།   ༈ཟུང་ལྡན་ཚིག་ནི་སྔ་ཕྱིའི་བར། ། ༡བར་མ་ཆོད་པའི་ཟུང་ལྡན། གཞན་གྱིས་མ་ཆོད་དེའི་ཟུང་ལྡན། །༡བར་མ་ཆོད་པའི་ཟུང་ལྡན་གྱི་དབྱེ་བ། ཚིགས་བཅད་ཀྱི་རྐང་པ།  གཅིག་གཉིས་གསུམ་བཞི་ལ་རྐང་པ་ཡོད་པ་བཞི།  རྐང་བ་གཅིག་ལ་ཡོད་པ།  དང་པོ་གཉིས་པ་གསུམ་བཞི་བ་ཐོག་མ་ན་ཡོད་པ་བཞི།  རྐང་པ་གཉིས་ལ་ཡོད་པ།  དང་པོ་དེ་གཉིས་གསུམ་བཞིའི་ཐོག་མ་ན་ཡོད་པ3།  གཉིས་པ་དེ་གསུམ་བཞི་འི་ཐོག་མར་ཡོད་པ2།  གསུམ་པ་བཞི་བའི་ཐོག་མར་ཡོད་པ་1བཅས་དྲུག རྐང་པ་གསུམ་ལ་ཡོད་པ།  རྐང་པ་སྔ་མ་གསུམ་ཐོག་མ་ན་ཡོད་པ།  རྐང་པ་དང་པོ་དེ་གཉིས་བཞིའི་ཐོག་མར་ཡོད་པ།  རྐང་པ་དང་པོ་དང་ཕྱི་མ་གཉིས་ཐོག་མར་ཡོད་པ།  རྐང་པ་ཕྱི་མ་གསུམ་ཐོག་མར་ཡོད་པ་བཞིའི་སྟེང་།  གོང་གི་རྐང་པ་བཞི་ཀའི་ཐོག་མ་ལ་ཡོད་པ་བསྣས་པས་15 ༈ཚིགས་སུ་བཅད་པའི་རྐང་པ་ཡི། ། རེ་རེ་གཉིས་གཉིས་གསུམ་གསུམ་བཞིར། །བར་མ་ཆོད་པའི་ཟུང་ལྡན་གྱི། །དབྱེ་བ་རྣམ་པ་བཅོ་ལྔ་ཡོད། ། ༈ཟུང་ལྡན་ཚིག་གི་སྔ་ཕྱིའི་བར། ། ༢བར་ཆོད་པའི་ཟུང་ལྡན། གཞན་གྱིས་ཆོད་གང་ཆོད་པའི་ཟུང་། ། ༈བར་དུ་ཆོད་པ་རྐང་པ་ནི། །གཉིས་རེར་ཡོད་པའི་དབྱེ་བ་དྲུག། ༡རྐང་པ་དང་པོ་གཉིས་ཀྱི་ཐོག་མར་ཆོད་པ།  ༢དང་པོ་དང་གསུམ་པའི་ཐོག་མར་ཆོད་པ།  ༣དང་པོ་དང་བཞི་པའི་ཐོག་མར་ཆོད་པ།  ༤གཉིས་པ་དང་གསུམ་པའི་ཐོག་མར་ཆོད་པ།  ༥གཉིས་པ་དང་བཞི་པའི་ཐོག་མར་ཆོད་པ།  ༦རྐང་པ་ཕྱི་མ་གཉིས་ཀྱི་ཐོག་མར་ཆོད་པ་སྟེ།  རྐང་པ་གཉིས་ལ་ཡོད་པ་དྲུག་དང་། གསུམ་རེར་ཡོད་པ་རྣམ་གསུམ་དང་། ། ༧རྐང་པ་དང་པོ་གསུམ་གྱི་ཐོག་མར་ཆོད་པ།  ༨དང་པོ་དང་ཕྱི་མ་གཉིས་ཀྱི་ཐོག་མར་ཆོད་པ།  ༩ཕྱི་མ་གསུམ་གྱི་ཐོག་མར་ཆོད་པ་སྟེ།  རྐང་པ་གསུམ་ལ་ཡོད་པ་གསུམ་དང་། གཞི་ཀའི་ཐོག་མར་ཡོད་པ་གཅིག། ༡༠རྐང་པ་བཞི་ལ་ཡོད་པ་གཅིག ཆ་གཉིས་ཡོད་པ་རྣམ་གསུམ་སྟེ། །༡༡རྐང་པ་དང་པོ་གཉིས་འདྲ་ཞིང་།  ཕྱི་མ་གཉིས་འདྲ་བ།  ༡༢དང་པོ་དང་གསུམ་པ་འདྲ་ཞིང་གཉིས་པ་དང་བཞི་པ་འདྲ་བ།  ༡༣དང་པོ་གཉིས་པ་འདྲ་ཞིང་གསུམ་པ་དང་བཞི་པ་འདྲ་བ་སྟེ།  རྐང་པ་བཞི་ལ་ཆ་གཉིས་སུ་ཡོད་པ་གསུམ་བཅས་བསྡོམས་པའི་བཅུ་གསུམ་མོ། བར་དུ་ཆོད་པ་བཅུ་གསུམ་མོ། །  ༈ཟུང་ལྡན་ཚིག་གི་སྔ་ཕྱིའི་བར། །༣བར་ཆོད་ཅིང་མ་་ཆོད་པའི་ཟུང་ལྡན་བཅས་སོ། ཚིག་འབྲུ་གཞན་གྱིས་ཆོད་པ་དང་། །མ་ཆོད་སྤེལ་མར་ཡོད་པ་ནི། །ཆོད་ཅིང་མ་ཆོད་ཟུང་ལྡན་ནོ། ། ༈ཚིགས་བཅད་དེ་ཡི་ཚིག་རྐང་གི། ཕྱེད་སྔ་གཉིས་དང་ཕྱེ་གཉིས་འདྲ། །༡རྐང་པ་སྔ་མ་གཉིས་འདྲ་ཞིང་ཕྱི་མ་གཉིས་འདྲ་བ་ཆོད་ཅིང་མ་ཆོད་པ། ཐོག་མཐའ་གཉིས་དང་བར་གཉིས་འདྲ། །༢རྐང་པ་སྔ་ཕྱི་གཉིས་འདྲ་ཞིང་བར་མ་གཉིས་འདྲ་བ་ཆོད་ཅིང་མ་ཆོད་པ། བཞི་འདྲ་ཆོད་ཅིང་མ་ཆོད་གསུམ། ། ༣རྐང་པ་བཞི་ཀ་འདྲ་བ་ཆོད་ཅིང་མ་ཆོད་པ་བཅས་གསུམ་མོ།  ༈ཟུང་ལྡན་ཚིག་དེ་ཚིག་རྐང་རེར། །ཟུང་ལྡན་རྒྱན་གྱི་ནང་གསེས2བྱ་དཀའ་བ་གནས་གཞན་ལ་ཡོད་པའི་ཟུང་ལྡན། ལན་འགའ་བཟླས་པ་བྱ་དཀའི་རྒྱན། །  ༈བྱ་དཀའ་གནས་གཞན་ཟུང་ལྡན་ལ། །རྐང་བཞིའི་དབུས་དང་དེ་བཞིན་མཐའ། །༡རྐང་པ་བཞིའི་དབུས་ན་ཡོད་པ།  ༢མཐའ་ན་ཡོད་པ་དང་། བར་མཐའ་ཐོབ་བར་ཐོག་མཐའ་དང་། །༣བར་མཐའ་གཉིས་ན་ཡོད་པ།  བཅས་གསུམ་ལ་ཆོད་ཅིང་མ་ཆོད་པ།  ཆོད་པ་རེ་སྟེ་དྲུག ༧རྐང་བཞིའི་ཐོག་བར་གྱིས་ཆོད་པ་དང་།  ༨རྐང་པ་དང་པོ་དང་གསུམ་པའི་ཐོག་མཐའ་དང་གཉིས་པའི་ཐོག་བར་གྱིས་ཆོད་ཅིང་མ་ཆོད་པ་སྟེ་ཐོག་བར་ན་ཡོད་པ་གཉིས།  ༩རྐང་བཞིའི་ཐོག་མཐར་ཆོད་ཅིང་མ་ཆོད་པ་དང་། གནས་གསུམ་མཉམ་པར་ཡོད་པ་ལ། །བར་ཆོད་ཆོད་ཅིང་མ་ཆོད་པ། །༡༠ཐོག་མཐར་མ་ཆོད་ཅིང་ཆོད་པ་སྟེ་ཐོག་མཐའ་ན་ཡོད་པ་གཉིས།  ༡༡རྐང་པ་བཞི་ཀའི་གནས་གསུམ་དུ་ཆོད་ཅིང་མ་ཆོད་པ་དང་། གཉིས་གཉིས་སྦྱར་བས་བཅུ་གཉིས་སོ། །༡༢བཞི་ཀའི་གནས་གསུམ་དུ་མ་ཆོད་ཅིང་ཆོད་ཅིང་ཆོད་པ་སྟེ་གནས་གསུམ་ཀར་མཉམ་པར་ཡོད་པ་གཉིས་བཅས་བསྡོམས་པའི་བཅུ་གཉིས་སོ།  ༈ཟུང་ལྡན་ཚིག་རྐང་སྔ་ཕྱི་ཡི། ། ཟུང་ལྡན་རྒྱན་གྱི་ནང་གསེས3མཐའ་ཐོག་སྦྱར་བའི་ཟུང་ལྡན། མགོ་མཇུག་མཚུངས་སྦྱར་མཐའ་ཐོག་སྦྱར། ། ཚིགས་བཅད་རྐང་པ་ལན་གཉིས་སུ། ། ཟུང་ལྡན་རྒྱན་གྱི་ནང་གསེས4ཀུན་ཏུ་ཟུང་ལྡན་གྱི་ངོ་བོ་དང་དབྱེ་བ་བཤད་པ། བཟླས་པ་ཀུན་ཏུ་ཟུང་ལྡན་ནོ། །ཀུན་ཏུ་ཟུང་ལྡན་12༡ཚིགས་བཅད་ཀྱི་ཚིག་རྐང་དང་པོ་གསུམ་པ་དང་།  གཉིས་པ་བཞི་པར་བཟླས་པ།  ༢དང་པོ་གཉིས་པ་དང་།  གསུམ་པ་བཞི་པར་བཟླས་པ།  ༣ཚིག་རྐང་དང་པོ་བཞི་པར་བཟླས་པ།  ༤ཚིག་རྐང་གཉིས་པ་གསུམ་པར་བཟླས་པ།  ༥ཚིག་རྐང་གཉིས་པ་བཞི་པར་བཟླས་པ།  ༦ཚིག་རྐང་གསུམ་པ་བཞི་པར་བཟླས་པ་སྟེ་ལན་གཅིག་བཟླས་པའི་ཀུན་ཏུ་ཟུང་ལྡན་དྲུག ༧རྐང་པ་དང་པོ་གཉིས་པ་དང་གསུམ་པ་བཞི་པར་ཡང་བཟླས་པ།  ༨ཚིག་རྐང་དང་པོ་ཉིད་གསུམ་པར་ཡང་བཟླས་པ།  ༩ཚིག་རྐང་གཉིས་པ་ཉིད་གསུམ་པ་དང་བཞི་པར་ཡང་བཟླས་པ་སྟེ་ལན་གཉིས་བཟླས་པའི་ཀུན་ཏུ་ཟུང་ལྡན་གསུམ།  ༡༠ཚིགས་རྐང་དང་པོ་ཉིད་ལན་གསུམ་དུ་བཟླས་པ་གཅིག་རེ་བསྡོམས་པའི་ཁྱོན་བཅུ་ཡོད་དོ།  དེ་བཞིན་ཚིགས་བཅད་གཅིག་ལན་གཉིས་སུ་བཟླས་པ་དང་།  ཚིགས་བཅད་གཅིག་གི་ནང་དུ་ཟུང་ལྡན་འདྲ་བ་ལན་བརྒྱད་དུ་བཟླས་པའི་ཟུང་ལྡན་ཆེན་པོ་གཅིག་སྟེ།  འདི་རྣམས་ནི་ཀུན་ཏུ་ཟུང་ལྡན་ཡིན་ནོ།  ༈ཀུན་ཏུ་ཟུང་ལྡན་བཅུ་གཉིས་སྟེ། །ཕྱེད་བཟླས་ཡང་དག་སྦྱར་བ་ཡི། །དབྱེ་བ་གསུམ་དང་གཞན་རྐང་བཟླས། །ལན་ཅིག་བཟླས་པ་རྣམ་པ་དྲུག། ལན་གཉིས་བཟླས་པའི་དབྱེ་བ་གསུམ། །ལན་གསུམ་བཟླས་པ་གཅིག་སྟེ་བཅུ། །དེ་བཞིན་ཚིགས་བཅད་བཟླས་པ་དང་། །ཟུང་ལྡན་ཆེན་པོ་གཅིག་རྣམས་སོ། ། ༈སྔར་བཤད་ཟུང་ལྡན་འདྲེས་མ་རུ། །  ཟུང་ལྡན་རྒྱན་གྱི་ནང་གསེས5བསྲེས་པའི་ཟུང་ལྡན། སྦྱར་བ་བསྲེས་པའི་ཟུང་ལྡན་ནོ། ། ༈ཚིག་རྐང་ཚིགས་བཅད་ཕྱེད་དང་རིལ། ། ཟུང་ལྡན་རྒྱན་གྱི་ནང་གསེས6བཟློག་པའི་ཟུང་ལྡན་གྱི་ངོ་བོ་དང་དབྱེ་བ་བཤད་པ། བཟློག་གང་བཟློག་པའི་ཟུང་ལྡན་ནོ། ། ༈དྲུག་པ་བཟློག་པའི་ཟུང་ལྡན་ལ། །ལུགས་ལྡོག་རྐང་པ་གཅིག་ལྡོག་དང་། །ཚིགས་བཅད་ཕྱེད་དང་དེ་བཞིན་དུ། །རངས་པོ་བཟློག་པ་རྣམ་གསུམ་ཡོད། ། ༈བྱ་དཀའི་ཁྱད་པར་བ་ལང་གཅིག།  སྒྲ་རྒྱན་གྱི་ནང་གསེས2བྱ་དཀའ་བའི་ཁྱད་པར་གཞན་བསྟན་པ། ཕྱེད་འཁོར་ཀུན་ཏུ་འཁོར་བ་གསུམ། ། ༈ཚིགས་བཅད་ཚིག་ཕྲེང་གོང་འོག་གཉིས། ། བྱ་དཀའ་བའི་ཁྱད་པར་གཞན་བསྟན་པའི་ནང་གསེས1བ་ལང་གཅིག་ནི། སྤེལ་ནས་ཀློག་རུང་བ་ལང་གཅིག།   ༈ཕྱེད་སྔའི་ལུགས་འབྱུང་གཡས་ཐུར་འདྲ། ། བྱ་དཀའ་བའི་ཁྱད་པར་གཞན་བསྟན་པའི་ནང་གསེས2ཕྱེད་འཁོར་ནི། ཕྱེད་སྔའི་ལུགས་ལྡོག་གཡོན་ཐུར་འདྲ། །ནང་མ་ཕྱེད་ཕྱེད་མཐའ་ནས་ཐུར། །གཤམ་ནས་ལུགས་ལྡོག་ཕྱེད་དུ་འཁོར། ། ༈ཚིགས་བཅད་རིང་ཐུང་མཚུངས་པ་ཡི། ། བྱ་དཀའ་བའི་ཁྱད་པར་གཞན་བསྟན་པའི་ནང་གསེས3ཀུན་ཏུ་འཁོར་བ་ནི། གཟུགས་གཅིག་ཀུན་ཏུ་འཁོར་བའམ། །སྔ་མའི་དང་པོ་དཀྱུས་སུ་བཀླགས། །ཐུར་ནས་གྱེན་དང་ཟུར་ནས་དཀྱིལ། །དཀྱིལ་ནས་དཀྱིལ་སོགས་འབྲེལ་ཆགས་པར། །སྒོར་མོར་འཁོར་བ་ཀུན་འཁོར་ཡིན། ། ༈དབྱིབས་ནི་ཟླུམ་པོ་ཕྱོགས་མཚམས་ནས། ། ཀུན་བཟང་འཁོར་ལོའི་དབྱེ་བ་བསྟན་པ། དབུས་སུ་འཁོར་བ་བཻ་དརྦྷ། །ཁ་ཆེའི་ལུགས་ཏེ་ཕྱི་མ་ལ། །གྲུ་བཞིར་འཁོར་བའི་ལུགས་ཀྱང་ཡོད། །གཞན་ཡང་རིན་སྤུངས་དཔལ་སྒང་པ། །རྒྱལ་དབང་སྐྲུ་ཕྲེང་སྔ་ཕྱི་གཉིས། །བོད་མཁས་པཎ་ཆེན་བསྟན་དབང་སོགས། །བཞེད་སྲོལ་མི་འདྲ་མང་དུ་འཆིས། ། ༈དབྱངས་སོགས་ངེས་པའི་བྱ་དཀའ་ལ། ། སྒྲ་རྒྱན་གྱི་ནང་གསེས3དབྱངས་སོགས་ངེས་པའི་བྱ་དཀའ་བ། དབྱངས་དང་གནས་དང་གསལ་བྱེད་གསུམ། ། དབྱངས་ངེས་པ།  སྐྱེ་གནས་ངེས་པ།  གསལ་བྱེད་ངེས་པ་གསུམ། རེ་རེར་བཞི་གསུམ་གཉིས་གཅིག་གིས། ། རེ་རེ་ལ་གཅིག་ནས་བཞི་བར། དབྱེ་བས་རྣམ་པ་བཅུ་གཉིས་སོ། ། བསྡོམས་བཅུ་གཉིས་སོ།  ༈གབ་བྱའི་དོན་གང་ཚིག་སྦྱོར་གྱིས། ། གབ་ཚིག་གི་རྒྱན། གབ་པར་བྱེད་པ་གབ་ཚིག་རྒྱན། ། ༈ཀུན་ཚོགས་སླུ་བྱེད་རིམ་པ་བྲལ། །༡ཀུན་ཏུ་ཚོགས་པའི་གབ་ཚིག ༢སླུ་བྱེད་ཀྱི་གབ་ཚིག ༣རིམ་པ་བྲལ་བའི་གབ་ཚིགརབ་བཅོམ་མཐུན་གཟུགས་རྩུབ་མོ་དང་། །༤རབ་བཅོམ་གྱི་གབ་ཚིག ༥མཐུན་པའི་གཟུགས་ཅན་གྱི་གབ་ཚིག ༦རྩུབ་མོའི་གབ་ཚིགགྲངས་དང་རབ་བཏགས་མིང་དུ་འདུས། །༧གྲངས་ཀྱི་གབ་ཚིག ༨རབ་བཏགས་ཀྱི་གབ་ཚིག ༩མིང་དུ་འདུས་པའི་གབ་ཚིགབསྒྲིབས་དང་མཐུན་སྒྲ་རྨོངས་པ་དང་། །༡༠བསྒྲིབས་པའི་གབ་ཚིག ༡༡མཐུན་པའི་སྒྲའི་གབ་ཚིག ༡༢རྨོངས་པའི་གབ་ཚིགཡོངས་འཕྲོག་གཅིག་བསྒྲིབས་གཉིས་ཀ་བསྒྲིབས། །༡༣ཡོངས་འཕྲོག་གི་གབ་ཚིག ༡༤གཅིག་བསྒྲིབས་ཀྱི་གབ་ཚིག ༡༥གཉིས་ཀ་བསྐྲིབས་པའི་གབ་ཚིགཡོངས་སུ་འདྲེས་དང་བཅུ་དྲུག་གོ། ༡༦ཡོངས་སུ་འདྲེས་པའི་གབ་ཚིག་བཅས་སོ།   ༈ཚིག་མཚམས་སྦྱར་བས་དོན་སྦས་པ། ། ༡ཀུན་ཏུ་ཚོགས་པའི་གབ་ཚིགཀུན་ཏུ་ཚོགས་པའི་གབ་ཚིག་སྟེ། ། ༈གཞན་གྲགས་སྒྲ་ཡི་གབ་བྱའི་དོན། ། ༢སླུ་བྱེད་ཀྱི་གབ་ཚིགགབ་བྱེད་ལ་འཁྲུལ་རྨོངས་བྱེད་ཡིན། ། ༈ཚིག་སྦྱོར་གོ་རིམ་དཀྲུགས་ཡིས། །༣རིམ་པ་བྲལ་བའི་གབ་ཚིགདོན་ལ་རྨོངས་བྱེད་རིམ་པ་བྲལ། ། ༈སྒྲ་དོན་ཅི་རིགས་སྦྱར་བས་དོན། །༤རབ་བཅོམ་གྱི་གབ་ཚིགགབ་བྱེད་ཁ་འཕངས་རབ་བཅོམ་ཡིན། །  ༈བཏགས་པའི་དོན་བཀོད་ཚིག་དག་གིས། ། ༥མཐུན་པའི་གཟུགས་ཅན་གྱི་གབ་ཚིགསྒྲིབ་པ་དེ་ནི་མཐུན་པའི་གཟུགས། ། ༈མཚན་ཉིད་ཡོད་ཙམ་ངེས་ཚིག་དང་། །༦རྩུབ་མོའི་གབ་ཚིགརྩུབ་མོའི་ཚིག་ལྡན་རྩུབ་མོའོ། ། ༈གབ་ཚིག་གྲངས་ཀྱིས་བརྗོད་དོན་ལ། །༧གྲངས་ཀྱི་གབ་ཚིགརྨོངས་བྱེད་གྲངས་ཀྱི་གབ་ཚིག་ཡིན། ། ༈གང་དུ་ངག་དོན་རྣམ་པ་གཞན། །༨རབ་བཏགས་ཀྱི་གབ་ཚིགསྣང་བ་དེ་ནི་རབ་བཏགས་ཉིད། ། ༈གང་དུ་མིང་ལ་སྣ་ཚོགས་དོན། ། ༩མིང་དུ་འདུས་པའི་གབ་ཚིགལྡན་པས་རབ་བཏགས་མིང་དུ་འདུས། ། ༈ཚིག་ནི་ཆོས་མཚུངས་ལ་རེག་པས། །༡༠བསྒྲིབས་པའི་གབ་ཚིགདོན་གཞན་སྒྲིབ་བྱེད་བསྒྲིབས་པའོ། ། ༈རྣམ་གྲངས་སྒྲ་ནི་བཀོད་པ་ཡིས། །༡༡མཐུན་པའི་སྒྲའི་གབ་ཚིགདངོས་མིང་མི་གསལ་མཐུན་པའི་སྒྲ། ། ༈བརྗོད་དོན་དངོས་སུ་བསྟན་བྱས་ཀྱང་། །༡༢རྨོངས་པའི་གབ་ཚིགཚིག་གིས་རྨོངས་བྱེད་རྨོངས་པ་ཡིན། ། ༈ཚིག་སྦྱོར་ཕྲེང་བ་སྔ་མ་ལས། །༡༣ཡོངས་འཕྲོག་གི་གབ་ཚིགཕྱི་མ་གོ་དགོས་ཡོངས་འཕྲོག་གོ།  ༈ཚིག་སྦྱོར་གང་དུ་རྟེན་སྦས་ཤིང་། །༡༤གཅིག་བསྒྲིབས་ཀྱི་གབ་ཚིགབརྟེན་པ་གསལ་བ་གཅིག་བསྒྲིབས་སོ། ། ༈སྤྱི་སྒྲས་རྟེན་དང་བརྟེན་པ་གཉིས། །༡༥གཉིས་ཀ་བསྐྲིབས་པའི་གབ་ཚིགཡོངས་སྦས་གཉིས་ཀ་བསྒྲིབས་པའོ། ། ༈གང་དུ་གབ་ཚིག་སྣ་ཚོགས་པ། །༡༦ཡོངས་སུ་འདྲེས་པའི་གབ་ཚིག་བཅས་སོ། འདྲེས་དེ་ཡོངས་འདྲེས་གབ་ཚིག་ཡིན། ། ༈གཞན་ཡང་སྔ་རབས་ལྡེའུ་དང་། །བོད་སྔ་རབས་ཀྱི་ལྡེའུ་དང་དེང་རབས་ཀྱི་གབ་ཚིགཡུལ་འགར་ཁེད་ཅེས་གྲགས་པ་ཡི། །གངས་ལྗོངས་རིག་རྩལ་ལས་འོངས་པའི། །ངོ་མཚར་གབ་ཚིག་རྣམ་གྲངས་མང་། ། ༈སྙན་ངག་སྦྱོར་ཚེ་བརྗོད་དོན་དང་། ། སྙན་ངག་གི་སྐྱོན་བཤད་པ། བརྗོད་ཚུལ་རྗོད་བྱེད་ཚིག་སྦྱོར་སོགས། །ཉམས་པས་རྒྱན་དུ་མི་འགྱུར་བ། །དེ་ནི་སྙན་ངག་སྐྱོན་དུ་འདོད། །  སྐྱོན༡༠ ༈དེ་ལ་བཅུ་སྟེ་དོན་ཉམས་དང་། ། ༡དོན་ཉམས་པའི་སྐྱོན། དོན་འགལ་དོན་གཅིག་ཐེ་ཚོམ་ཅན། །༢དོན་འགལ་བའི་སྐྱོན།  ༣དོན་གཅིག་པའི་སྐྱོན།  ༤ཐེ་ཚོམ་ཅན་གྱི་སྐྱོན། རིམ་ཉམས་སྒྲ་ཉམས་གཅོད་མཚམས་ཉམས། །༥རིམ་པ་ཉམས་པའི་སྐྱོན།  ༦སྒྲ་ཉམས་པའི་སྐྱོན།  ༧བཅོད་མཚམས་ཉམས་པའི་སྐྱོན། སྡེབ་སྦྱོར་ཉམས་དང་མཚམས་སྦྱོར་ཉམས། །༨སྡེབ་སྦྱོར་ཉམས་པའི་སྐྱོན།  ༩མཚམས་སྦྱོར་ཉམས་པའི་སྐྱོན། ཡུལ་དུས་སྒྱུ་རྩལ་འཇིག་རྟེན་དང་། །༡༠ཡུལ་སོགས་དྲུག་དང་འགལ་བ་བཅས་བཅུ།  རིགས་ལུང་དག་དང་འགལ་བའོ། ། ༈ཚིག་ཚོགས་མང་ཡང་བརྗོད་དོན་རྣམས། །༡དོན་ཉམས་པའི་སྐྱོན། འབྲེལ་མི་ཆགས་པ་དོན་ཉམས་སྐྱོན། །འདི་ནི་སྙན་ངག་རྩོམ་པ་ལ། །སྐྱོན་ཆེན་ཡིན་པས་དམིགས་བསལ་མེད། ། ༈བརྗོད་དོན་སྔ་ཕྱི་ཕན་ཚུན་བར། །༢དོན་འགལ་བའི་སྐྱོན། ནང་འགལ་ཡོད་པ་དོན་འགལ་སྐྱོན། །ཕུལ་བྱུང་རྒྱན་དང་འགལ་རྒྱན་སོགས། །འགའ་ཞིག་ལ་ནི་དམིགས་བསལ་ཡོད། ། ༈དགོས་མེད་ཚིག་དང་དོན་ཅི་རིགས། །༣དོན་གཅིག་པའི་སྐྱོན། བཤད་ཟིན་སླར་བརྗོད་དོན་གཅིག་སྐྱོན། །དགའ་བའི་རྒྱན་སོགས་སྔར་བརྗོད་དོན། །སླར་ཡང་བརྗོད་ཀྱང་སྐྱོན་མི་འགྱུར། ། ༈རྗོད་ཚིག་གང་གིས་བརྗོད་དོན་ལ། །༤ཐེ་ཚོམ་ཅན་གྱི་སྐྱོན། ཐེ་ཚོམ་སྐྱེད་བྱེད་ཐེ་ཚོམ་སྐྱོན། །མཚུངས་པར་སྟོན་དང་རབ་རྟོག་ལ། །ཐེ་ཚོམ་ཚིག་བརྗོད་སྐྱོན་མི་འགྱུར། ། ༈འདོར་བསྟན་ཇི་བཞིན་རྒྱས་བཤད་དུ། །༥རིམ་པ་ཉམས་པའི་སྐྱོན། མ་བྱུང་གོ་རིམ་ཉམས་པའི་སྐྱོན། །དགོས་དབང་འདོར་བསྟན་རྒྱས་བཤད་གཉིས། །གོ་རིམ་བཟློག་ཀྱང་སྐྱོན་མི་འགྱུར། ། ༈རྗོད་བྱེད་རྣམ་དབྱེ་ཚིག་ཕྲད་སོགས། །༦སྒྲ་ཉམས་པའི་སྐྱོན། སྦྱོར་ཚུལ་ལོག་པ་སྒྲ་ཉམས་སྐྱོན། །དགོས་པའི་དབང་གིས་སྦྱོར་ཚུལ་གཞན། །བྱས་ཀྱང་རེས་འགར་སྐྱོན་མི་འགྱུར། ། ༈ངལ་གསོ་ཡོད་མེད་ལུགས་དང་འགལ། །༧བཅོད་མཚམས་ཉམས་པའི་སྐྱོན། དེ་ནི་གཅོད་མཚམས་ཉམས་པའི་སྐྱོན། །རེས་འགའ་རྐང་མཐའི་མཚམས་སུ་ནི། །ངལ་གསོ་མ་བྱས་སྐྱོན་མི་འགྱུར། ། ༈ཚིགས་བཅད་རྐང་བཞིའི་ཡིག་འབྲུའི་གྲངས། །༨སྡེབ་སྦྱོར་ཉམས་པའི་སྐྱོན། མི་མཉམ་སྡེབ་སྦྱོར་ཉམས་པའི་སྐྱོན། །འདི་ཡང་ཚིགས་བཅད་སྙན་ངག་ལ། །སྐྱོན་ཆེན་ཡིན་པས་དམིགས་བསལ་མེད། ། ༈དབྱངས་གསལ་རྣམ་བཅད་མཚམས་སྦྱོར་སོགས། །༩མཚམས་སྦྱོར་ཉམས་པའི་སྐྱོན། ལོག་པ་མཚམས་སྦྱོར་ཉམས་པའི་སྐྱོན། ། བོད་སྐད་རྣམ་དབྱེ་ལས་གཞན་པའི། །ཚིག་ཕྲད་སྦྱོར་ཚུལ་ཉམས་པ་སྟེ། །འདི་ཡང་སྙན་ངག་སྦྱོར་བའི་ཚེ། །སྐྱོན་ཆན་ཡིན་པས་དམིགས་བསལ་མེད། ། ༈རི་ནགས་ལ་སོགས་ཡུལ་དེ་ཡི། ། ༡༠ཡུལ་སོགས་དྲུག་དང་འགལ་བ་བཅས་བཅུ། ཚུལ་དང་མི་མཐུན་ཡུལ་དང་འགལ། །དམིགས་བསལ་ནུས་པས་ཁྱད་པར་འགའ། །འབྱུང་བར་བརྗོད་ཀྱང་སྐྱོན་མི་འགྱུར། ། ༈ཉིན་མཚན་ལ་སོགས་དུས་སྐབས་དེའི། །༡༠དུས་འགལ་བ། ཚུལ་དང་མི་མཐུན་དུས་དང་འགལ། །རེས་འགའ་དུས་མིན་དངོས་པོ་འགའ། །འབྱུང་སྲིད་དེ་བརྗོད་སྐྱོན་མ་ཡིན། ། ༈ལུས་ངག་ཡིད་ཀྱི་ཉམས་འགྱུར་རྩལ། །༡༠སྒྱུ་རྩལ་འགལ་བ། དངོས་དང་མི་མཐུན་སྒྱུ་རྩལ་འགལ། །ནང་རྐྱེན་དབང་གིས་འགྱུར་བ་གཞན། །འབྱུང་སྲིད་དེ་བརྗོད་སྐྱོན་མི་འགྱུར། ། ༈ཡོངས་གྲགས་འཇིག་རྟེན་ཐ་སྙད་དང་། །༡༠འཇིག་རྟེན་འགལ་བ། མི་མཐུན་འཇིག་རྟེན་དང་འགལ་སྐྱོན། །རྐྱེན་གཞན་དབང་བྱས་ཡོངས་གྲགས་དང་། །མཐུན་མིན་འགའ་བརྗོད་སྐྱོན་མི་འགྱུར། ། ༈རང་བཞན་གཏན་ཚིགས་རིགས་པ་དང་། །༡༠རིགས་འགལ་བ། མི་མཐུན་རིགས་པ་དང་འགལ་སྐྱོན། །རེས་འགའ་དོན་གཞན་དབང་བྱས་ཚེ། །དེ་དང་འགལ་བའི་སྐྱོན་མི་འགྱུར། ། ༈རང་རང་གཞུང་ལུགས་ཚིག་ཟིན་དང་། །༡༠ལུང་དང་འགལ་བ། མི་མཐུན་ལུང་དང་འགལ་བའི་སྐྱོན། །རེས་འགའ་དམིགས་བསལ་གཞུང་གཞན་གྱི། །དབང་བྱས་ལུང་དང་འགལ་སྐྱོན་མེད། །དེ་ལྟར་སྙན་ངག་འདབ་བརྒྱའི་ཚལ། །བཞད་པའི་སྡོམ་ཚིག་ཟིལ་མངར་བཅུད། །བློ་གསལ་རྐང་དྲུག་དགྱེས་བྱེད་པའི། །དགའ་སྟོན་དམ་པའི་བདག་གིས་སྦྱིན། །འདི་ལ་བརྟེན་ནས་རང་བཞིན་ཀུན། །རིག་གནས་ལུས་ཀྱི་སྟོབས་རྒྱས་ཏེ། །ཡིད་འཕྲོག་རྩོམ་རིག་རྩེ་དགའི་འཕྲུལ། །འགྱེད་པའི་ཆ་རྐྱེན་ཉིད་གྱུར་ཅིག །