སློབ་ཆུང་སྐད་ཡིག་གི་དམིགས་ཚད།

དང་པོར་ཡི་གེ་ངོས་འཛིན་འཕྲལ་ཀློག་གཙོ།།

ཀློག་པ་ཁ་བྱང་འབྲི་བ་ལག་ལ་བྱང་།།

 

གཉིས་པར་སྦྱོར་ཀློག་དང་སྦྲེལ་ཐ་སྙད་གསག།

གྱེར་འདོན་བློར་འཛིན་ངག་གི་ནུས་པ་བསྐྱེད།།

 

གསུམ་པར་ལད་སྐྱེད་སྡུད་བཅས་ཚིག་ལ་འདྲིས།།

ཚིག་ཐུང་སྒྲིག་བཟོའི་སྒོ་ནས་ཚིག་ཕྲད་ཤེས།།

 

བཞི་པར་ཕྲད་ཀྱི་ཐོབ་ཐང་དག་ཡིག་སྦྱང་།།

ཡུལ་ལྗོངས་ངོ་སྤྲོད་རང་ཡུལ་དུངས་པ་བསྐྱེད།།

 

ལྔ་པར་ཕྲད་སྦྱོར་རྩོམ་འབྲིའི་ནུས་པ་བསྐྱེད།།

མི་སྣ་ངོ་སྤྲོད་མི་གཤིས་སྐྱོང་བར་འབད།།

 

དྲུག་པར་དག་ལྡན་རྩོམ་ལ་ཤུགས་བརྒྱབ་སྟེ།།

བོད་ཀྱི་རིག་གནས་དུངས་བསྐྱེད་རྨང་གཞིར་འཆག།