སྐད་དང་ཡི་གེ་འཛིན་སྐྱོང་དགོས་ཚུལ།

རང་རེ་བོད་ཀྱི་སྐད་དང་ཡི་གེ་གཉིས་པོ་འདི་ནི་མི་རིགས་འདི་ནམ་གནས་ཀྱི་བར་དུ་མེད་དུ་མི་རུང་བ་མ་ཟད། མི་རིགས་འདི་དང༌། ད་ལྟ་འཛམ་བུ་གླིང་ན་ངོམ་རིན་ཆོག་པའི་མི་རིགས་འདིའི་ཆོས་དང་རིག་གཞུང་འདིའང་ཡོད་མེད་འདི་གཉིས་ཀྱི་རྗེས་སུ་འགྲོ་ལྡོག་བྱེད་པ་ཡིན་པས། མི་རིགས་འདི་ཡི་བླ་སྲོག་ལྟ་བུའི་སྐད་ཡིག་གཉིས་པོ་འདི་ལ་བོད་ཀྱི་མཁན་སྤྲུལ་དང་དགེ་རྒན་རྣམས་ནས་བཟུང་སློབ་ཆུང་བར་གྱི་བོད་རིགས་ཡིན་ནོ་ཅོག་གིས་གལ་ཆེན་དང་གཙིགས་འཛིན་བྱེད་པ་ལས་སྣང་མེད་དུ་གཏན་ནས་འཇོག་མི་རུང་ལ། དེར་མ་ཟད་མི་རིགས་རང་རང་གི་སྐད་དང་ཡི་གེ་རང་སྐྱོང་རང་བདག་བྱེད་པ་ལ་རྒྱལ་ཁབ་ཀྱི་ཁྲིམས་ཀྱིས་ཀྱང་བཀག་འགོག་མེད་པས། ཆོས་སྲིད་གཉིས་ཀར་འགལ་མེད་ཀྱི་སྤྱོད་བཟང་ཡིན་པ་དེ་ནམ་ཡང་བརྗེད་མི་རུང་བ་དང་འགལ་མི་རུང་བ་ཞིག་ཡིན་པས་ཀུན་གྱིས་དེ་ལུགས་ཐུགས་ངེས་མཛད་པར་ཞུ་བ་ནི་གལ་པོ་ཆེའི་ཡང་ཞུ་ཡིན།