སློབ་སྦྱོང་གི་དམིགས་ཡུལ་ནི་ལས་བྱེད་པ་ཞིག་ཡོང་ཐབས་ཁོ་ན་ཨེ་རེད།

སྤྱིར་ན་མི་རང་རང་སོ་སོ་ལ་སྙིང་སྟོབས་དང་ལྡན་ན། ནམ་ཞིག་གི་གནས་སྐབས་ན་བྱ་བ་གང་དང་གང་ཡིན་ན་འགྲུབ་ཡོང་རྒྱུ་རེད། ང་རང་གི་ལྟ་ཚུལ་ལ། སློབ་སྦྱོང་བྱེད་པ་གཞུང་ཞབས་པ་དང་དགེ་རྒན་ཞིག་ལ་རྒྱུགས་འཕྲོད་ཅིང་གོ་གནས་ལེན་པའི་ཆེད་ཁོ་ན་བསམ་ན་མི་བཟང་གི །མི་སོ་སོར་རིག་གནས་ཡོད་ཚེ། ས་ཆ་གང་དང་གང་ལ་སོང་ནའང་བྱ་བ་གཞན་པ་བསྒྲུབ་རྒྱུ་ཡོད་ནི་རེད། རིག་གནས་མེད་མཁན་དག་གཞུང་ཞབས་པའི་ནང་ལ་ཐོན་རྒྱུ་ཅན་ཡིན་ནའང་། རྗེས་མར་ཕན་པ་ཅི་ཡང་མེད་པར། རང་གིས་ལྐོག་ཟ་བྱས་པ་སོགས་འདྲ་མི་འདྲ་བྱས་ནས་རྗེས་སུ་བཙོན་ལ་ལྷུང་འགྲོ་བ་ཡང་ཡོད་པ་རེད།

སི་བོད་སློབ་གྲྭར་གནང་བའི་བཀའ་སློབ་སྒྲར་ཕབ་པ་ལས་བཤུས།