རོང་འབྲོག་པ་རྣམས་ལ་སྤྲིང་བ།

རྒྱག་རེས་མ་གཏུགས།

ཁེ་ན་འགྲོ་ས་བཙོན་ཁང་རེད།

ཕམ་ན་འགྲོ་ས་སྨན་ཁང་རེད།

 

མེ་མདའ་མ་ཉོ།

བེད་སྤྱད་ན་ཆགས་སྒོ་རེད།

བེད་མ་སྤྱད་ན་ཡོད་མེད་མེད།

 

ཤེས་ཡོན་ལ་སློབ་སྦྱོང་གྱིས།

བཙན་པོས་འཕྲོག་ཐབས་མེད།

ཉམ་ཆུང་གིས་རྐུ་ཐབས་མེད།

 

ལུས་ལ་གཅེས་སྐྱོང་གྱིས།

རྒྱུ་ནོར་ནི་གཞན་གྱི་རེད།

ཚེ་སྲོག་ནི་རང་གི་རེད།

 

བུ་ལོན་དུས་སུ་འཇོལ།

མ་འཇལ་ན་གཞན་ལ་གནོད།

མཐར་གཏུགས་ན་རང་ལ་གནོད།