ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་སྐབས་བཅུ་བདུན་པའི་དཔྱིད་དུས་ལུས་རྩལ་འགྲན་ཚོགས།

1.jpg

མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་30ཉིན། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་སློབ་གླིང་གི་སྐབས་བཅུ་བདུན་པའི་དཔྱིད་དུས་ལུས་རྩལ་འགྲན་ཚོགས་སློབ་གྲྭའི་རྩལ་སྦྱོང་ར་བ་ཆེ་བར་འཚོགས་ཤིང་། འགྲན་ཚོགས་སུ་སྨི་100ཅན་དང་སྐྱེས་མའི་སྨི་800ཅན། སྐྱེས་པའི་སྨི་1000ཅན། སྐྱེས་པའི་སྨི་3000ཅན་གྱི་རྒྱུག་རྩལ་འགྲན་བསྡུར་དང་། རྒྱང་མཆོང་འགྲན་བསྡུར། དགེ་རྒན་ཚོགས་པའི་སྤྲོ་འཕེར་འགྲན་བསྡུར། ལག་ཤུགས་འགྲན་བསྡུར། སྨི་100ཅན་གྱི་མི་གསུམ་རྐང་བཞི་རྒྱུག་རྩལ་འགྲན་བསྡུར། གཟབ་མཆོར་ལེགས་སྤྲས་ཀྱི་སྨི་100ཡི་རྒྱུག་རྩལ་འགྲན་བསྡུར། སྨི་4*100ཡི་མཐུད་རྒྱུག་འགྲན་བསྡུར། ཚོགས་པའི་ཐག་མཆོང་འགྲན་བསྡུར་སོགས་བཀོད་སྒྲིག་བྱས་ཏེ་སློབ་གླིང་གི་དགེ་སློབ་ཡོངས་མཉམ་གཅིག་ཏུ་འཛོམས་པའི་དགའ་སྤྲོ་གཉིས་ལྡན་གྱི་ལུས་རྩལ་འགྲན་ཚོགས་ཤིག་རོལ་དུ་བཅུག་ཡོད་པ་རེད།