རྐང་རྩེད་སྤོ་ལོའི་བྱ་དགའི་རྟགས་མ།

བྱ་དགའི་རྟགས་མ་ཐོབ་པའི་འཛིན་གྲྭའི་འཐུས་མི་དང་སྒེར་མི་བཅས་ཀྱིས་བྱ་དགའི་རྟགས་མ་བླངས་པའི་རྣམ་པ།

སྤྱི་ཟླ9པའི་ཚེས29རེས་གཟའ་ཕུར་བུ་ཉིན་གྱི་སྔ་དྲོའི་སློབ་ཐུན་གཉིས་པ་གྲོལ་མཚམས་ཀྱི་རྩལ་སྦྱོང་གི་དུས་སྐབས་སུ། སློབ་གཙོ་རིན་ཆེན་རྡོ་རྗེ་ལགས་ཀྱིས་དེ་སྔོན་དམའ་གསུམ་སྡེ་ཁག་གི་འགན་འཛིན་དགེ་རྒན་ཀུན་དགའ་ཆོས་འཕེལ་ལགས་ཀྱིས་འགན་བཞེས་ཏེ་སྤེལ་བའི། འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གི་སྐབས་དང་པོའི་སང་གི་སྐར་ཆེན་ཞེས་པའི་སློབ་གྲྭའི་རྐང་རྩེད་སྤོ་ལོ་འགྲན་བསྡུར་གཟེངས་འབུམ། ཞེས་པ་ཞིག་སྤེལ་བའི་སྐབས་སུ་རྩེད་འགྲན་ལས་རྣམ་པར་རྒྱལ་བའི་འཛིན་གྲྭ་དང་མི་སྒེར་བཅས་ལ་བྱ་དགའི་རྟགས་མ་དེ། སློབ་དཔོན་ཐོན་མིའི་སྐུ་བརྙན་གྱི་མདུན་ཐང་དུ་དགེ་སློབ་ལྷན་འཛོམས་ཀྱི་ཐོག་ཏུ་གནང་པ་རེད།

བྱ་དགའ་སྤྲོད་སྐབས་ཀྱི་ཟུར་ངོས་ཤིག་གི་རྣམ་པ།

རྩེད་འགྲན་དེའི་ཁྲོད་ཡོངས་སུ་རྣམ་པར་རྒྱལ་བའི་ཕུལ་བྱུང་གི་བྱ་དགའི་རྟགས་མ་དེ་དམའ་གསུམ་འཛིན་གྲྭ་ལྔ་པ་ལ་ཐོབ་པ་དང་ཨང་གཉིས་པའི་བྱ་དགའི་རྟགས་མ་དམའ་གསུམ་འཛིན་གྲྭ་བཅུ་བཞི་པ་ཐོབ་ཅིང་། ཕུལ་བྱུང་སྒེར་མིའི་བྱ་དགའི་རྟགས་མ་སློབ་བུ་རྟ་མགྲིན་ཕུན་ཚོགས་སོགས་སློབ་ཕྲུག་བཞི་ལ་གནང་པ་རེད།