རྒྱལ་སྤྱིའི་ཕ་སྐད་ཉིན་མོ།

ལོ་རེའི་སྤྱི་ཟླ་༢ཚེས་༢༡ཉིན་ནི་རྒྱལ་སྤྱིའི་ཕ་སྐད་ཉིན་མོ(International Mother Language Day)ཡིན་ཞིང་། ཉིན་འདིར། འཛམ་གླིང་གི་ས་ཆ་མང་པོ་རུ་སྐད་ཡིག་སྲུང་སྐྱོབ་སྐོར་གྱི་བྱེད་སྒོ་སྣ་ཚོགས་སྤེལ་གྱིན་ཡོད།


༡༩༩༩ལོའི་སྤྱི་ཟླ་༡༡པར་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རྩལ་རིག་གནས་སྡེ་ཚན་གྱིས་༢༠༠༠ལོའི་སྤྱི་ཟླ་༢ཚེས་༢༡ཉིན་དེ་རྒྱལ་སྤྱིའི་ཕ་སྐད་ཉིན་མོར་གཏན་འཁེལ་བྱས་ཤིང་། ལོ་དེ་ནས་བཟུང་ལོ་རེ་བཞིན་ཉིན་མོ་དེ་སྲུང་རྩི་བྱེད་མགོ་བརྩམས། རྒྱལ་སྤྱིའི་ཕ་སྐད་ཉིན་མོ་གཏན་འཁེལ་བྱེད་པའི་དགོས་པ་ནི་འཛམ་གླིང་གི་སྐད་ཡིག་དང་རིག་གནས་སྣ་མང་སྲུང་སྐྱོབ་བྱེད་ཆེད་ཡིན།


སྡོམ་རྩིས་ལྟར་ན། ད་ཆ་འཛམ་གླིང་ཡོངས་སུ་སྐད་རིགས་སྣ་༧༠༠༠ལྷག་ཡོད་མོད། ཡིན་ནའང་འཛམ་གླིང་ཡོངས་ཀྱི་མི་བརྒྱ་ཆའི་༩༧ཙམ་གྱིས་བེད་སྤྱོད་གཏོང་བཞིན་པའི་སྐད་རིགས་ཀྱིས་སྐད་རིགས་ཡོངས་ཀྱི་བརྒྱ་ཆའི་༤མ་གཏོགས་ཟིན་མེད་པ་དང་། ལོ་རེར་ཆ་སྙོམས་སྐད་རིགས་༢༤ཙམ་རྩ་མེད་དུ་འགྲོ་བཞིན་ཡོད་ལ། ཡང་སྐད་རིགས་བརྒྱ་ཆའི་༥༠ཙམ་རྩ་མེད་དུ་འགྲོ་བའི་ཉེན་ཁར་འཕྲད་ཡོད།


 

ད་ཆ། དབྱིན་ཇི་ཡི་ཝེལ་ཧྲི་(Welsh)སྐད་རིགས་དང་། སི་ཕན་གྱི་ཁ་ཐ་ལན་ (Catalan) སྐད་རིགས། ཁ་ན་ཏའི་ཨེན་ཏེ་ཡན་ (Indian )སྐད་རིགས་སོགས་རྒྱལ་ཁབ་རེ་འགས་གྲངས་ཉུང་མི་རིགས་ཀྱི་སྐད་རིགས་སྲུང་སྐྱོབ་ཐད་ལྟོས་བཅས་ཀྱིས་གྲུབ་འབྲས་ལེགས་པོ་བླངས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་སྡེ་ཚན་གྱི་ཆེད་མཁས་རྣམ་པའི་དགོངས་ཚུལ་ལྟར་ན། ཕ་སྐད་སྲུང་སྐྱོབ་བྱེད་པའི་ཐད་འཛམ་གླིང་ཡོངས་ཀྱིས་ད་དུང་འབད་པ་ཆེན་པོ་བྱེད་དགོས་ཤིང་། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གཞུང་སྤྱོད་སྐད་ཡིག་ཏུ་གཏན་འཁེལ་བྱེད་པ་དང་། ཚིག་མཛོད་སྒྲིག་པ། སྐད་ཡིག་སྣ་མང་ཅན་གྱི་ཁྲིད་གཞི་སྒྲིག་པ། སྐད་ཡིག་ཁྱབ་སྤེལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་གོམ་གང་མདུན་སྤོས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པ་རེད།

རྩོམ་སྒྲིག་པ། སྦྱིན་པ།