ཀྲུང་གོའི་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཐོག་གི་སྙན་སྒྲོན་གྱི་ཤེས་བྱའི་དྲི་ལན་གནད་བསྡུས།

ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་མཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་དུས་ཚོད་ནམ་ཡིན།

ལན། ༢༠༡༢ལོའི་ཟླ་༡༡་པའི་ཚེས་༨ནས་༡༤་བར་ཡིན།

གཅིག འདས་པའི་ལོ་ལྔའི་རིང་གི་ལས་ཀ་དང་ལོ་བཅུའི་རིང་གི་གཞི་རྩའི་ཕྱོགས་བསྡོམས།

ཚོགས་ཆེན་བཅུ་བདུན་པ་འཚོགས་པ་ནས་བཟུང་གི་ལོ་ལྔ་ནི་ཅི་འདྲ་ཞིག་གི་ལོ་ལྔ་ཡིན།

ལན། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་ཐོག་བློ་སྟོབས་ཆེན་པོས་མདུན་དུ་བསྐྱོད་པའི་ལོ་ལྔ་ཡིན་པ་དང་། ང་ཚོས་དཀའ་ངལ་དང་ཉམས་ཉེན་སྣ་ཚོགས་ཉམས་སད་ཐེག་སྟེ་འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཁ་གསར་པ་བླངས་པའི་ལོ་ལྔ་རེད།

ཚོགས་ཆེན་བཅུ་བདུན་པའི་ཐོག་དམིགས་འབེན་གང་དག་མངོན་འགྱུར་ཡོང་བར་བཀོད་སྒྲིག་གནང་བ་དང་དེའི་ཐད་གྲུབ་འབྲས་ཇི་འདྲ་ཐོབ་ཡོད།

ལན། བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་བ་དང་། འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་མངོན་འགྱུར་ཡོང་བར་བྱ་རྒྱུ་ཁྱོན་ཡོངས་ནས་བཀོད་སྒྲིག་གནང་བ་རེད། ཚོགས་ཆེན་བཅུ་བདུན་པའི་དགོངས་དོན་དེའི་ཕྱོགས་གང་ཅིའི་ལས་དོན་ཐད་གྲུབ་འབྲས་གསར་པ་གལ་ཆེན་ཐོབ་པ་རེད།

གཅིག དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་ཅུང་མགྱོགས་པོ་བྱུང་ཡོད།

གཉིས། བསྒྱུར་བཅོས་སྒོ་འབྱེད་འཕེལ་རྒྱས་གལ་ཆེན་བྱུང་ཡོད།

གསུམ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོར་མཐོ་རུ་ཕྱིན་ཡོད།

བཞི། དམངས་གཙོ་དང་ཁྲིམས་ལུགས་འཛུགས་སྐྱོང་བྱེད་པའི་གོམ་སྟབས་གསར་པ་སྤོས་པ་རེད།

ལྔ། རིག་གནས་དར་རྒྱས་སྐས་རིམ་གསར་པར་འཛེགས་ཡོད།

དྲུག སྤྱི་ཚོགས་ལེགས་སྐྱོང་སྔར་མེད་ཡར་རྒྱས་བྱུང་ཡོད།

བདུན། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཀྱི་རྣམ་པ་གསར་པ་གཏོད་ཡོད།

བརྒྱད། ཀང་ཨའོ་ཐའེ་གསུམ་གྱི་ལས་དོན་སྒྲུབ་ཤུགས་སྔར་ལས་ཆེ་རུ་བཏང་ཡོད།

དགུ། ཕྱི་འབྲེལ་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།

བཅུ། ཏང་ལེགས་སྐྱོང་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་ཡོད།

གཉིས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་འཐོབ་པར་བྱ་དགོས།

ངེས་པར་དུ་མཐའ་འཁྱོངས་བྱ་དགོས་པའི་གཞི་རྩའི་བླང་བྱ་བརྒྱད་ནི་གང་དག་ཡིན།

ལན། གཅིག མི་དམངས་གྲུབ་ཆ་གཙོ་བོ་ཡིན་པའི་གནས་བབ་ངེས་པར་དུ་མཐའ་འཁྱོངས་བྱ་དགོས།

གཉིས། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱ་དགོས།

གསུམ། བསྒྱུར་བཅོས་སྒོ་འབྱེད་ལ་སྐུལ་འདེད་གཏོང་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱ་དགོས།

བཞི། སྤྱི་ཚོགས་དྲང་སྙོམས་དང་དྲང་བདེན་ཡོང་བར་སྲུང་སྐྱོང་བྱ་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱ་དགོས།

ལྔ། ཐུན་མོང་དུ་ཕྱུག་པོར་འགྱུར་བའི་ལམ་བུར་བསྐྱོད་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱ་དགོས།

དྲུག སྤྱི་ཚོགས་འཆམ་མཐུན་ཡོང་བར་སྐུལ་སྤེལ་གཏོང་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱ་དགོས།

བདུན། ཞི་བདེའི་ངང་འཕེལ་རྒྱས་ཡོང་བ་ངེས་པར་དུ་མཐའ་འཁྱོངས་བྱ་དགོས།

བརྒྱད། ཏང་གི་འགོ་ཁྲིད་ངེས་པར་དུ་མཐའ་འཁྱོངས་བྱ་དགོས་པ་བཅས་བརྒྱད་ཡིན།

སྐབས་བཅོ་བརྒྱད་པའི་ཚོགས་ཆེན་སྟེང་བཏོན་པའི་ལོ་བརྒྱའི་གནས་བབས་གཉིས་ནི་གང་ཡིན།

ལན། ཀྲུང་གོ་གུང་ཁྲན་ཁང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་སྐབས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་ཐུབ་ངེས་ཡིན་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་སྐབས་སྟོབས་འབྱོར་ལྡན་ཞིང་དམངས་གཙོ་དར་བ་དང་དཔལ་ཡོན་རྒྱས་ཤིང་འཆམ་མཐུན་ཆེ་བ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་རྒྱལ་ཁབ་འཛུགས་པ་དེ་གཉིས་ཡིན།

གསུམ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་། བསྒྱུར་བཅོས་སྒོ་འབྱེད་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུའི་དམིགས་འབེན།

ཚོགས་ཆེན་བཅོ་བརྒྱད་ཀྱིས་བསྟན་པའི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱ་རྒྱུའི་དམིགས་འབེན་གྱི་རྨང་གཞིའི་ཐོག་བླང་བྱ་གསར་པ་དེ་དག་གང་ཡིན།

ལན། གཅིག དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་དགོས།

གཉིས། མི་དམངས་དམངས་གཙོ་ཟམ་མི་ཆད་པར་རྒྱ་བསྐྱེད་དགོས།

གསུམ། རིག་གནས་ཀྱི་འཇམ་ཤུགས་མངོན་གསལ་ཇེ་ཆེར་གཏོང་དགོས།

བཞི། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་དགོས།

ལྔ། ཐོན་ཁུངས་གྲོན་ཆུང་ཅན་དང་ཁོར་ཡུག་མཛའ་མཐུན་ཅན་ཀྱི་སྤྱི་ཚོགས་འཛུགས་སྐྱོང་བྱེད་པར་འཕེལ་རྒྱས་གལ་ཆེན་ཡོང་བར་བྱ་དགོས་པ་བཅས་ལྔ་ཡིན།

བཞི། སྤྱི་ཚོགས་རིང་ལུགས་ཀྱི་ཚོང་རའི་དཔལ་འབྱོར་སྒྲིག་སྲོལ་འཐུས་སྒོ་ཚང་དུ་ཇེ་མགྱོགས་སུ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་བསྒྱུར་རྒྱུ་ཇེ་མགྱོགས་སུ་གཏོང་དགོས།

ཚོགས་ཆེན་བཅོ་བརྒྱད་ཀྱིས་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་སྒྱུར་བའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་པའི་ཐབས་ལམ་ཅི་ཞིག་བསྟན་ཡོད།

ལན། གཅིག དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་དགོས།

གཉིས། གསར་གཏོད་ཀྱིས་གོང་སྤེལ་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་ཇི་ལྟར་བྱ་དགོས།

གསུམ། དཔལ་འབྱོར་གྲུབ་ཚུལ་འཐབ་ཇུས་ཀྱི་རང་བཞིན་ལྡན་པའི་ལེགས་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས།

བཞི། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

ལྔ། སྒོ་འབྱེད་ཅན་གྱི་དཔལ་འབྱོར་ཆུ་ཚད་སྒོ་ཀུན་ནས་ཇེ་མཐོར་གཏོང་དགོས།

ལྔ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་སྤེལ་གྱི་བགྲོད་ལམ་དུ་སྐྱོད་རྒྱུ་དང་ཆབ་སྲིད་སྒྲིག་སྲོལ་བསྒྱུར་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས།

ཆབ་སྲིད་སྒྲིག་སྲོལ་བསྒྱུར་བཅོས་བྱ་རྒྱུའི་ནང་དོན་གཙོ་བོ་ཅི་ཞིག་ཡིན།

ལན། གཅིག མི་དམངས་ཀྱིས་མི་དམངས་འཐུས་མིའི་ཚོགས་ཆེན་བརྒྱུད་དེ་རྒྱལ་ཁབ་ཀྱི་དབང་ཆ་སྤྱོད་པར་རྒྱབ་སྐྱོར་དང་འགན་ལེན་བྱ་དགོས།

གཉིས། སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་བྱེད་པའི་དམངས་གཙོའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།

གསུམ། གཞི་རིམ་གྱི་དམངས་གཙོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས།

བཞི། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།

ལྔ། སྲིད་འཛིན་སྒྲིག་སྲོལ་བསྒྱུར་བཅོས་ཟབ་སྤེལ་བྱ་དགོས།

དྲུག དབང་ཆ་སྤྱོད་པར་ཚོད་འཛིན་དང་ལྟ་སྐུལ་བྱེད་པའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།

དྲུག སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྤེལ་བྱེད་པར་སྐུལ་འདེད་ཏན་ཏིག་བྱ་དགོས།

མདོར་ན་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་ཞིག་འཛུགས་སྤེལ་བྱེད་པར་ཇི་ལྟར་སྐུལ་འདེད་ཏན་ཏིག་བྱ་དགོས་པར་བསྟན་ཡོད།

ལན། གཅིག སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་མ་ལག་འཛུགས་སྤེལ་བྱེད་ཤུགས་ཆེ་རུ་གཏོང་དགོས།

གཉིས། སྤྱི་དམངས་ཀྱི་ཀུན་སྤྱོད་བྱང་ཚད་ཁྱོན་ཡོངས་ནས་ཇེ་མཐོར་གཏོང་དགོས།

གསུམ། མི་དམངས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་དགོས།

བཞི། རིག་གནས་ཀྱི་དངོས་ཡོད་སྟོབས་ཤུགས་དང་འགྲན་རྩོད་སྟོབས་ཤུགས་ཧྲིལ་པོ་ཆེ་རུ་གཏོང་དགོས།

བདུན། དམངས་འཚོ་ལེགས་བཅོས་དང་དོ་དམ་གསར་གཏོད་ཀྱི་ཁྲོད་སྤྱི་ཚོགས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།

སྤྱི་ཚོགས་ལེགས་སྐྱོང་བྱེད་ཤུགས་ཇི་ལྟར་ཆེ་རུ་གཏོང་དགོས།

ལན། གཅིག མི་དམངས་ཡིད་ཚིམ་པའི་སློབ་གསོའི་བྱ་བ་ལེགས་སྒྲུབ་གང་ཐུབ་བྱ་དགོས།

གཉིས། སྤུས་ཀ་སྔར་ལས་བཟང་བའི་ལས་ཞུགས་མངོན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།

གསུམ། གྲོང་མིའི་ཡོང་འབབ་ཐབས་བརྒྱ་ཇུས་སྟོང་གིས་འཕར་སྣོན་བྱ་དགོས།

བཞི། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྱོང་གཅིག་གྱུར་གྱིས་འཆར་གཞི་བཀོད་ནས་སྐུལ་སྤེལ་གཏོང་དགོས།

ལྔ། མི་དམངས་གཟུགས་གཞི་ཇེ་ཐང་དུ་གཏོང་དགོས།

དྲུག སྤྱི་ཚོགས་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་གསར་གཏོད་བྱ་དགོས།

བརྒྱད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པར་སྐུལ་སྤེལ་ཤུགས་ཆེན་གཏོང་དགོས།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པར་སྐུལ་སྤེལ་ཤུགས་ཆེན་གཏོང་དགོས་པའི་བླང་བྱ་གང་དག་བསྟན་ཡོད། ལན། གཅིག རྒྱལ་ཁབ་ཀྱི་མངའ་ཁོངས་གསར་སྤེལ་གྱི་བཀོད་པ་ལེགས་སྒྱུར་བྱ་དགོས།

གཉིས། ཐོན་ཁུངས་གྲོན་ཆུང་བྱེད་པ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།

གསུམ། རང་བྱུང་སྐྱེ་ཁམས་མ་ལག་དང་ཁོར་ཡུག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས།

བཞི། སྐྱེ་ཁམས་དཔལ་ཡོན་ལམ་ལུགས་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་དགོས།

དགུ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་སྐུལ་སྤེལ་གང་མགྱོགས་གཏོང་དགོས།

རྒྱལ་སྲུང་སྲ་བརྟན་དང་དམག་དཔུང་སྟོབས་ཆེན་འཛུགས་རྒྱུ་དེ་ནི་ཅི་ཞིག་ཡིན།

ལན། རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས་གཏོང་རྒྱུའི་ཁེ་ཕན་དང་མཐུན་པའི་རྒྱལ་སྲུང་སྲ་བརྟན་དང་དམག་དཔུང་སྟོབས་ཆེན་འཛུགས་རྒྱུ་དེ་ནི་རང་རྒྱལ་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་ལས་འགན་ཞིག་རེད། དཔལ་འབྱོར་འཛུགས་སྐྲུན་དང་རྒྱལ་སྲུང་འཛུགས་སྐྱོང་གཅིག་གྱུར་གྱིས་འཆར་འགོད་བྱས་ཏེ་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འཛུགས་སྐྲུན་བྱ་རྒྱུ་གོམ་རིམ་གསུམ་དུ་དབྱེ་རྒྱུའི་འཐབ་ཇུས་ཀྱི་བསམ་བཀོད་གཞིར་བཟུང་ནས་འཕྲུལ་ཆས་ཅན་དང་བརྡ་འཕྲིན་ཅན་དུ་འཛུགས་སྐྲུན་བྱ་རྒྱུའི་ལོ་རྒྱུས་ཀྱི་ལས་འགན་ལྗིད་པོ་གཉིས་གང་མགྱོགས་ལེགས་འགྲུབ་བྱས་ཏེ་2020ལོར་སླེབས་དུས་རྩ་བའི་ཆ་ནས་འཕྲུལ་ཆས་ཅན་དུ་འགྱུར་བ་དང་བརྡ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་གྲུབ་འབྲས་གལ་ཆེན་ཐོབ་པར་བྱ་དགོས།

རྒྱལ་སྲུང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དམིགས་ཡུལ་ནི་ཅི་ཡིན།

ལན། ཀྲུང་གོའི་གོས་འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་དང་ལེན་བྱེད་ཅིང་། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱ་རྒྱུ་དང་། རྒྱལ་ཁབ་ཞི་བས་འཕེལ་རྒྱས་གཏོང་རྒྱུ་འགན་སྲུང་བྱེད་པའི་ཆེད་དུ་ཡིན།

བཅུ། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལག་ལེན་ཕུན་སུམ་ཚོགས་སུ་གཏོང་བ་དང་མེས་རྒྱལ་གཅིག་གྱུར་ཡོང་བར་བྱ་དགོས།

ཞང་ཀང་དང་ཨའོ་མིན་ཕྱིར་ལོག་པ་ནས་བཟུང་སྟེ་ཅི་ལྟ་བུའི་གྲུབ་འབྲས་ཐོབ་ཡོད།

ལན། ཞང་ཀང་དང་ཨའོ་མིན་ཕྱིར་ལོག་པ་ནས་བཟུང་སྟེ་མེ་རྒྱལ་གྱི་ནང་ས་དང་ཕན་ཚུན་དགེ་མཚན་གསབ་རེས་དང་། མཉམ་དུ་འཕེལ་རྒྱས་གཏོང་བའི་ཡངས་ཤིང་རྒྱ་ཆེ་བའི་ལམ་བུར་སྐྱོད་དེ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་ལེན་བྱས་པར་འཛམ་གླིང་ཀུན་གྱིས་ཁས་ལེན་པའི་གྲུབ་འབྲས་ཐོབ་ཡོད།

ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱེད་པར་ཅི་ལྟ་བུའི་བྱེད་ཕྱོགས་ངེས་པར་དུ་མཐའ་འཁྱོངས་བྱ་དགོས།

ལན། ཐའེ་ཝན་གྱི་གནད་དོན་ཐག་གཅོད་བྱས་ཏེ་མེས་རྒྱལ་གོང་བུ་གཅིག་གྱུར་ཐུབ་པ་བྱ་རྒྱུ་དེ་འགོག་ཐབས་མེད་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་རེད། ཞི་བས་གཅིག་གྱུར་བྱ་རྒྱུ་དེ་སྤུན་ཟླ་ཐའེ་ཝན་པ་ཚུད་པའི་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཆེ་ཤོས་རེད། ཞི་བས་གཅིག་གྱུར་བྱ་དགོས་ན་དང་ཐོག་མཚོ་འགག་ངོས་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་ཡོང་བའི་འགན་ལེན་བྱ་དགོས། ཞི་བས་གཅིག་གྱུར་དང་། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ངེས་པར་དུ་མཐའ་འཁྱོངས་བྱ་དགོས།

ང་ཚོས་ཅི་ཞིག་གི་རྩ་དོན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་དགོས།

ལན། ང་ཚོས་ཀྲུང་གོ་གཅིག་གི་རྩ་དོན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱ་དགོས།

ཀྲུང་ཧྭ་བུ་ཕྲུག་ཡོངས་རྫོགས་ཀྱིས་མཉམ་དུ་འབད་བརྩོན་བྱས་ཕྱིན་ཅི་ཞིག་མངོན་འགྱུར་ཐུབ་ངེས་རེད།

ལན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱེད་པའི་བརྒྱུད་རིམ་ནང་མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་རླབས་པོ་ཆེ་བསམ་པ་གཅིག་མཐུན་བཞིན་མངོན་འགྱུར་ཐུབ་ངེས་རེད།

བཅུ་གཅིག མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་མེད་བྱ་གཞག་མུ་མཐུད་སྐུལ་སྤེལ་གཏོང་དགོས།

དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཅི་ཞིག་ཡིན།

ལན། དེང་དུས་ཀྱི་འཛམ་གླིང་གཏིང་ཟབ་ཅིང་རྙོག་འཛིང་ཆེ་བའི་འགྱུར་བ་འགྲོ་བཞིན་ཡོད་པ་དང་། ཞི་བདེ་དང་འཕེལ་རྒྱས་ནི་སྔར་བཞིན་དུས་རབས་ཀྱི་བརྗོད་བྱ་གཙོ་བོ་ཡིན།

དེང་དུས་ཀྱི་འཛམ་གླིང་འཕེལ་རྒྱས་གཏིང་ཟབ་ཁྲོད་ཅན་གཞི་ཟེར་བ་གང་ཡིན།

ལན། འཛམ་གླིང་སྣ་མང་ཅན་དང་། དཔལ་འབྱོར་གོ་ལ་ཅན། རིག་གནས་སྣ་མང་ཅན། སྤྱི་ཚོགས་བརྡ་འཕྲིན་ཅན་བཅས་བཞི་ཡིན།

རྒྱལ་ཁབ་ཁག་གི་མི་དམངས་ཐུན་མོང་གི་འདོད་བློ་དེ་གང་ཡིན།

ལན། མིའི་རིགས་ལ་སའི་གོ་ལ་གཅིག་ལས་མེད་པས་རྒྱལ་ཁབ་ཁག་ཚང་མ་འཛམ་གླིང་གཅིག་ཏུ་འཚོ་བཞིན་ཡོད། འབུ་ཆེས་ཆུང་ཟོས་བྱེད་ཚུལ་ནི་མིའི་རིགས་མཉམ་གནས་ཡོང་བའི་གནས་ལུགས་ཤིག་མིན་ཞིང་། དམག་ཞེན་འཁྲུག་སློང་གིས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་ཡོང་ཐབས་མེད་པ་ལོ་རྒྱུས་ཀྱིས་ང་ཚོར་གསལ་པོ་བསྟན་ཡོད། ཞི་བདེ་ལས་དམག་འཁྲུག་མི་དགོས་པ་དང་། འཕེལ་རྒྱས་ལས་དབུལ་ཕོངས་མི་དགོས་པ། མཉམ་ལས་མ་གཏོགས་ཁ་གཏད་དུ་མི་ལངས་པར། ཞི་བདེ་རྒྱུན་མཐུད་དང་། མཉམ་དུ་དར་རྒྱས་ཡོང་བའི་འཆམ་མཐུན་གྱི་འཛམ་གླིང་ཞིག་ལེགས་སྐྱོང་བྱ་རྒྱུ་ནི་རྒྱལ་ཁབ་ཁག་གི་མི་དམངས་ཐུན་མོང་གི་འདོད་བློ་རེད།

ང་ཚོས་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་དུ་ཅི་ཞིག་སྲུང་སྐྱོང་བྱ་དགོས་པའི་འདོད་ཚུལ་འཛིན་བཞིན་ཡོད།

ལན། ང་ཚོས་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་དུ་ཡིད་རྟོན་འདྲ་མཉམ་དང་། ཕན་ཚུན་བསླབ་བྱ་ལེན་རེས། མཉམ་ལས་མཉམ་རྒྱལ་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ཐུན་མོང་ཐོག་རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱ་དགོས་པའི་འདོད་ཚུལ་འཛིན་བཞིན་ཡོད།

ཀྲུང་གོས་མིའི་རིགས་ཞི་བདེ་དང་འཕེལ་རྒྱས་ཀྱི་བླ་མེད་བྱ་གཞག་མུ་མཐུད་སྐུལ་སྤེལ་ཇི་ལྟར་གཏོང་དགོས་སམ།

ལན། ཀྲུང་གོས་མུ་མཐུད་དེ་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། འཛམ་གླིང་གི་ཞེ་བདེ་སྲུང་སྐྱོང་བྱེད་པ་དང་། ཐུན་མོང་ཐོག་འཕེལ་རྒྱས་ཡོང་བའི་སྐུལ་སྤེལ་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་ནུས་ཤུགས་གང་ཡོད་འདོན་རྒྱུ་ཡིན།

བཅུ་གཉིས། ཏང་འཛུགས་སྐྱོང་ཚན་རིག་ཅན་དུ་འགྱུར་བའི་ཆུ་ཚད་ཕྱོགས་ཡོངས་ནས་ཇེ་མཐོར་གཏོང་དགོས།

ཏང་ཉིད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགོ་ཁྲིད་སྲོག་ཤིང་འགྱུར་མེད་སྟོབས་ལྡན་དུ་འགྱུར་བའི་འགན་ལེན་ཇི་ལྟར་བྱ་དགོས།

ལན། གཅིག ཕུགས་བསམ་དང་དད་སེམས་བརྟན་པོར་འཆང་བ་དང་གུང་ཁྲན་ཏང་མིའི་སྙིང་སྟོབས་འཚོལ་སྙེག་གཡོ་མེད་བྱ་དགོས།

གཉིས། མི་གཙོ་བོར་འཛིན་པ་དང་དམངས་དོན་དུ་སྲིད་སྐྱོང་བ་རྒྱུན་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཛིན་བྱ་དགོས།

གསུམ། ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་ཧུར་ཐག་དང་ཏང་གི་གསར་གཏོད་འཕེལ་ཤུགས་ཇེ་ཆེར་གཏོང་དགོས།

བཞི། ལས་བྱེད་པའི་མི་དོན་ལམ་ལུགས་བསྒྱུར་བཅོས་ཟབ་སྤེལ་དང་བྱང་ཚད་མཐོ་བའི་སྲིད་སྐྱོང་གི་རྐང་འཛིན་དཔུང་སྡེ་འཛུགས་སྐྱོང་བྱ་དགོས།

ལྔ། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་ཕྱོགས་ཁག་གི་ཕུལ་བྱུང་མི་སྣ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ནང་བསྡུ་རུབ་བྱ་དགོས།

དྲུག གཞི་རིམ་གྱི་ཏང་འཛུགས་ལས་དོན་གསར་གཏོད་བྱས་ནས་ཏང་གིས་སྲིད་སྐྱོང་བའི་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས།

བདུན། རུལ་སུངས་ལ་བློ་བརྟན་འགྱུར་མེད་ངང་ངོ་རྒོལ་བྱས་ནས་གུང་ཁྲན་ཏང་མིའི་སྤྱོད་གཙང་གི་ཆབ་སྲིད་ངང་ཚུལ་ཇི་སྲིད་བར་གནས་པར་བྱ་དགོས།

བརྒྱད། ཏང་གི་སྒྲིག་ཁྲིམས་ནན་དུ་བཏང་ནས་རང་རྟོགས་ངང་ཏང་གི་གཅིག་སྡུད་གཅིག་གྱུར་སྲུང་སྐྱོང་བྱ་དགོས།

ང་ཚོས་ལོ་རྒྱུས་ཀྱི་ལས་འགན་ཆེན་པོ་གསུམ་གང་དག་ཡིན།

ལན། ༡ མེས་རྒྱལ་གོང་བུ་གཅིག་གྱུར། ༢ འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་། ༣ ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་མ་གཏོང་རྒྱུ་ནི་ང་ཚོའི་ལོ་རྒྱུས་ཀྱི་ལས་འགན་ཆེན་པོ་གསུམ་ཡིན།

ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་ཅི་ཞིག་དང་ལྡན་པའི་མ་འོངས་པ་གཏོད་དགོས།

ལན། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་སྔར་ལས་དམ་ཟབ་བྱས་ཏེ་འབྱོར་འབྲིང་གི་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་ཕྱིར་འབད་འཐབ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁ་གསར་པ་བླངས་ཏེ་ཐུན་མོང་ཐོག་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་དགོས།

མིང་འགྲེལ།

གུང་ཁྲན་ཏང་། འབྱོར་མེད་གྲལ་རིམ་གྱི་སྲིད་ཏང་ཞིག་དང་། འབྱོར་མེད་གྲལ་རིམ་གྱི་གདོང་ལེན་རུ་ཁག་ཅིག འབྱོར་མེད་གྲལ་རིམ་གྱི་གྲལ་རིམ་རྩ་འཛུགས་ཀྱི་རྣམ་པ་མཐོ་ཤོས་ཤིག་བཅས་ཡིན་ཞིང་། ཏང་དེའི་མཛུབ་སྟོན་བསམ་བློ་ནི་མར་ཁེ་སི་ལེ་ཉིན་རིང་ལུགས་ཡིན། དེའི་དམིགས་ཡུལ་ནི་འབྱོར་མེད་གྲལ་རིམ་དང་དེ་མིན་གཉའ་གནོན་མྱོང་མཁན་ངལ་རྩོལ་མི་དམངས་མཐའ་དག་གི་འགོ་ཁྲིད་བྱས་ཏེ་གསར་བརྗེའི་འཐབ་རྩོད་ལ་བརྟེན་ནས་སྲིད་དབང་ལེན་པ་དང་། འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་གྱིས་འབྱོར་ལྡན་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་གྱི་ཚབ་བྱེད་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་དང་གུང་ཁྲན་རིང་ལུགས་མངོན་དུ་འགྱུར་བ་བྱེད་རྒྱུ་དེ་ཡིན།

གུང་ཁྲན་རིང་ལུགས། ནི་སྤྱི་ཚོགས་ཀྱི་ལམ་ལུགས་ཤིག་ཡིན། དེ་འཕེལ་རྒྱས་འགྲོ་བའི་དུས་རིམ་གཉིས་སུ་ཕྱེ། དུས་རིམ་དམའ་བ་ནི་སྤྱི་ཚོགས་རིང་ལུགས་དང༌། དུས་རིམ་མཐོ་བ་ནི་གུང་ཁྲན་རིང་ལུགས་ཡིན། དུས་རྒྱུན་དུ་བཤད་པའི་གུང་ཁྲན་རིང་ལུགས་ནི་གུང་ཁྲན་རིང་ལུགས་ཀྱི་དུས་རིམ་མཐོ་བ་དེར་ཟེར། དུས་རིམ་དེའི་རིང་ལ་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཆེན་པོ་བྱུང་བ་དང༌། སྤྱི་ཚོགས་ཀྱི་ཐོན་རྫས་ཆེས་ཕུན་སུམ་ཚོགས་པ་བྱུང་བ། མི་རྣམས་ལ་བསམ་པའི་གོ་རྟོགས་མཐོན་པོ་དང་ལྡན་པ། ངལ་རྩོལ་བྱ་རྒྱུ་དེ་འཚོ་བའི་ནང་ལ་མེད་དུ་མི་རུང་བར་གྱུར་པ། ཁྱད་པར་ཆེན་པོ་གསུམ་རྩ་མེད་དུ་གྱུར་པ། གུང་ཁྲན་རིང་ལུགས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་ལག་ཏུ་ལེན་པ། བགོ་བཤའི་རྩ་དོན་ནི་གང་ནུས་དེ་སྒྲུབ་དང་མཁོ་བསྟུན་ཐོབ་སྤྲོད་བྱ་རྒྱུ་དེ་ཡིན།

མར་ཁེ་སིའི་རིང་ལུགས། མར་ཁེ་སི་དང་ཨེན་ཀེ་སི་རྣམ་གཉིས་ཀྱིས་བསྐྲུན་པ་གནང་བའི་འབྱོར་མེད་གྲལ་རིམ་གྱི་བསམ་པའི་མ་ལག་ཅིག་ཡིན་ཞིང་། དེའི་རྩ་བའི་གྲུབ་ཆ་ནི་མར་ཁེ་སིའི་རིང་ལུགས་ཀྱི་མཚན་ཉིད་རིག་པ་དང་། ཆབ་སྲིད་དཔལ་འབྱོར་རིག་པ། ཚན་རིག་སྤྱི་ཚོགས་རིང་ལུགས་གསུམ་གོང་བུ་གཅིག་གྱུར་ཞིག་ཡིན། འབྱོར་མེད་གྲལ་རིམ་གྱི་སྲིད་དབང་སྒེར་འཛིན་སྐོར་གྱི་རིགས་པའི་གཞུང་ལུགས་དེ་མར་ཁེ་སིའི་རིང་ལུགས་ཀྱི་སྙིང་པོ་རེད།

མར་ཁེ་སི་ལེ་ཉིན་རིང་ལུགས། འཛམ་གླིང་ཡོངས་ཀྱི་འབྱོར་མེད་གྲལ་རིམ་དང་ངལ་རྩོལ་མི་དམངས་ཚོས་གསར་བརྗེའི་འཐབ་རྩོད་བྱེད་པའི་རིགས་པའི་གཞུང་ལུགས་ཚན་རིག་དང་མཐུན་པ་ཞིག་ཡིན་ཞིང་། ཐོག་མར་མར་ཁེ་སི་དང་ཨེན་ཀེ་སི་རྣམ་གཉིས་ཀྱིས་གསར་བསྐྲུན་གནང་བ་དང་། ཕྱིས་སུ་ལེ་ཉིན་གྱིས་ཡར་རྒྱས་དང་ཕུན་སུམ་ཇེ་ཚོགས་སུ་བཏང་བ་ཞིག་རེད།

མའོ་ཙེ་ཏུང་དགོངས་པ། མའོ་ཙེ་ཏུང་དགོངས་པ་ནི་ཀྲུང་གོར་མར་ཁེ་སི་ལེ་ཉིན་རིང་ལུགས་བེད་སྤྱོད་དང་འབྲེལ་འཕེལ་རྒྱས་བཏང་བ་ཞིག་དང་། ལག་ལེན་གྱི་ཐོག་ནས་ར་གསལ་པོར་འཕྲོད་ཟིན་པའི་ཀྲུང་གོའི་གསར་བརྗེའི་སྐོར་གྱི་རིགས་པའི་གཞུང་ལུགས་ཡང་དག་པའི་རྩ་དོན་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་ཞིག ཀྲུང་གོའི་གུང་ཁྲན་ཏང་གི་ཐུན་མོང་བློ་གྲོས་ཀྱི་སྙིང་བཅུད་ཅིག་བཅས་ཡིན། བློ་མཐུན་མའོ་ཙེ་ཏུང་གི་ཚན་རིག་དང་མཐུན་པའི་གསུང་རྩོམ་ནི་དེའི་སྙིང་པོ་གཅིག་ཏུ་བསྡུས་པ་ཞིག་ཡིན།

ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས་ཀྱི་ནང་དོན་གཙོ་བོ། སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་གཞུང་ལུགས། སྤྱི་ཚོགས་རིང་ལུགས་ཀྱི་དམའ་རིམ་དུས་སྐབས་ཀྱི་གཞུང་ལུགས། སྤྱི་ཚོགས་རིང་ལུགས་ཀྱི་བཅོས་བསྒྱུར་སྒོ་འབྱེད་ཀྱི་གཞུང་ལུགས། སྤྱི་ཚོགས་རིང་ལུགས་ཚོང་རའི་དཔལ་འབྱོར་གྱི་གཞུང་ལུགས་བཅས་སོ། །

མཚོན་བྱེད་གསུམ། ༡ ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་སྔོན་ཐོན་གྱི་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་རེ་འདུན་མཚོན་པ། ༢ ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཀྱི་ཁ་ཕྱོགས་མཚོན་པ། ༣ ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཆེས་ཁྱབ་ཆེ་བའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་མཚོན་པ།

དམངས་གཙོ། འོས་བསྡུའི་ན་ཚོད་ཟིན་པའི་སྐྱེ་བོ་ཀུན་གྱི་རང་དབང་དང་འདྲ་མཉམ་གྱི་མཉམ་ཞུགས་གཞི་རྩར་བཟུང་བའི་ཆབ་འབངས་མང་མོས་ཀྱི་དབང་སྒྱུར།

སྤྱི་ཚོགས་རིང་ལུགས། འབྱོར་མེད་གྲལ་རིམ་གྱིས་སྲིད་དབང་སྒེར་འཛིན་དང་ཐོན་སྐྱེད་རྒྱུ་ཆ་སྤྱི་ལ་དབང་བའི་ལམ་ལུགས་རྨང་གཞི་བྱས་པའི་ཐོག ཤེད་ཤུགས་གང་ཡོད་ཕྱུང་བ་ལ།  ངལ་རྩོལ་ལྟར་བགོ་བཤའ་བྱེད་པ། ཞེས་པའི་རྩ་དོན་ལག་ལེན་དུ་བསྟར་བའི་སྤྱི་ཚོགས་ཀྱི་ལུགས་སྲོལ་ཞིག་ཡིན།

ཞི་བདེ་མཉམ་གནས། སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་བར་ཞི་བའི་ཐབས་ཤེས་ལ་བརྟེན་ནས་ཕན་ཚུན་བར་གྱི་རྩོད་གཞི་ཐག་གཅོད་དང༌། འདྲ་མཉམ་གཉིས་ཕན་གྱི་གཞི་རྩའི་ཐོག་ཕན་ཚུན་བར་གྱི་དཔལ་འབྱོར་དང༌། རིག་གནས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་བ་ལ་ཟེར།

 རང་རེས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་གཞི་རྩའི་རྒྱལ་ཇུས་བཅས་ཤེས་པར་བྱས་ན་དགེ་མཚན་ཆེ་བར་མཐོང་སྟེ། ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་སྙན་སྒྲོན་གྱི་ཤེས་བྱའི་དྲི་ལན་གནད་བསྡུས་ཞེས་པ་འདི་རྒན་དབང་ཕྱུག་དཔལ་ལྡན་ལགས་ཀྱིས་འགན་བཞེས་ཤིང་གུས་པ་སྦྱིན་པས་ཉུང་བསྡུས་ཀྱི་སྒོ་ནས་ཕྱོགས་བསྒྲིགས་ཞུས།