སློབ་གཙོ་རིན་ཆེན་རྡོ་རྗེ་ལགས་ཀྱི་སློབ་གསོའི་གསུང་བཤད།

སློབ་གཙོ་རིན་ཆེན་རྡོ་རྗེ་ལགས་ཀྱིས་ལམ་སྟོན་གསུང་བཤད་གནང་བཞིན་པ།

 ཟླ༡༠པའི་ཚེས༡༢རེས་གཟའ་ལྷག་པ་ཉིན་གྱི་ཕྱི་དྲོར་འབྲི་སྟོད་རྫོང་མི་རིགས་སློབ་འབྲིང་གི་ཚོམས་ཁང་ཆེན་མོའི་ནང་དུ་སློབ་གཙོ་རིན་ཆེན་རྡོ་རྗེ་ལགས་ཀྱིས། སློབ་གྲྭའི་སློབ་མ་ཡོངས་ལ་རྒྱུན་ཤེས་སྐོར་གྱི་སློབ་གསོའི་ལམ་སྟོན་གསུང་བཤད་གནང་བའི་བརྗོད་གཞི་གཙོ་བོར། ༡ ཀུན་སྤྱོད། ༢ སློབ་གཉེར། ༣ གཙང་སྦྲ། ༤ འཕྲོད་བསྟེན། ༥ སྐྱེ་ཁམས་སྲུང་སྐྱོང་གལ་ཆེན་དུ་འཛིན་གལ་ཆེ་བ་བཅས་ལྔ་ཡི་སྒོ་ནས་སློབ་མའི་བློ་ཁ་དང་འཚམས་པའི་གསུང་བཤད་རྒྱས་བསྡུས་རན་པ་ཞིག་གནང་ཞིང་། དེ་དག་ལས་འཕྲོད་བསྟེན་གྱི་སྐོར་དམིགས་སུ་བཟུང་སྟེ་ནན་ཏན་ཆེན་པོས་ནད་རིགས་སྔོན་འགོག་བྱ་གལ་ཆེ་བ་གསལ་བཤད་དང་འབྲེལ། དུས་རྒྱུན་སློབ་མ་རྣམས་ཀྱིས་འགྲོ་ཆགས་ཉལ་འདུག་དང་བཟའ་བཏུང་བཅས་ཀྱི་སྐབས་དག་ཏུ་དེའི་ཐད་དོ་སྣང་བཟང་པོ་བྱ་དགོས་པ་དང་། ལྷག་པར་དུ་དེང་སྐབས་རང་རེའི་ས་ཁུལ་ལ་ཡང་ནད་ཡམས་མཆེད་བཞིན་པའི་ཆེས་འཇིགས་སུ་རུང་པའི་རིམས་ནད་ཨེ་ཙིའི་རེག་དུག་འདི་ཉིད་ལ་གཟབ་གལ་ཆེ་ཕྱིར་སློབ་མ་རྣམས་ཀྱིས་རང་ཉིད་ཀྱི་ཚེ་སྲོག་ལ་གཅེས་འཛིན་གྱིས་སོ་སོའི་ལུས་ཕུང་ལ་བདག་སྐྱོང་བཟང་པོ་ཞིག་གནང་གལ་ཆེ་བས་དེའི་ཐད་ཡིད་འཇོག་དང་དོ་སྣང་ཆེན་པོས་གཟབ་གཟབ་གནང་དགོས་པ་སོགས་གནད་ལ་སྨིན་པའི་སྐབས་བབ་ཀྱི་ལམ་སྟོན་གསུང་བཤད་རྒྱས་བསྡུས་རན་པ་ཞིག་གནང་སྟེ་མཇུག་ལེགས་པར་བསྡུས་པ་རེད།

སྐབས་དེའི་ཚོགས་རའི་ཡུལ་དངོས་ཀྱི་རྣམ་པ།