རྒྱལ་གཅེས་རྩོམ་ཡིག་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་མཁན་གྱི་སློབ་མར་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ།

DSC00582.JPG

སློབ་གཙོ་གཞོན་པ་རྒན་འབྱོར་ལྡན་དང་བྱ་དགའ་ཐོབ་མཁན་གྱི་སློམ་མ་རྣམས་དང་ལྷན་དུ་སྐྱོན་པའི་དྲན་རྟེན་འདྲ་པར།

 སྤྱི་ཟླ༤པའི་ཚེས༡༡རེས་གཟའ་མིག་དམར་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུ་དང་ཕྱེད་ཀྱི་ཐོག་ཏུ་སློབ་རའི་མདུན་ཐང་དུ་སློབ་དཔྱོད་ཁང་གིས་རྒྱལ་གཅེས་རྩོམ་ཡིག་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་མཁན་གྱི་སློབ་མ་རྣམ་པར་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ།

DSC00570.JPG

 མཛད་སྒོ་དེའི་མདོ་འཛིན་སློབ་དཔྱོད་ཁང་གི་འགན་འཛིན་རྒན་དོན་འགྲུབ་རྡོ་རྗེ་ལགས་ཀྱིས་གནང་ཞིང་། མཛད་སྒོ་དེའི་ཐོག་ཏུ་སློབ་གཙོ་གཞོན་པ་རྒན་འབྱོར་ལྡན་དང་སློབ་དཔྱོད་ཁང་གི་ལས་བྱེད་མི་སྣ་ཡོངས་དང་། སྡེ་ཁག་སོ་སོའི་ཚན་གཙོ་དང་འཛིན་བདག་དགེ་རྒན་རྣམ་པ་དང་སློབ་གྲྭའི་སློབ་མ་ཡོངས་ལྷན་དུ་འཛོམས་པའི་མདུན་སར། སློབ་མའི་རྩོམ་འབྲིའི་མོས་བློ་དང་རྩོམ་རྩལ་གོང་འཕེལ་ཡོང་ཕྱིར་དམིགས་ཏེ་སྤེལ་བའི་རྒྱལ་གཅེས་རྩོམ་ཡིག་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་མཁན་གྱི་སློབ་མ་རྣམ་པར་བྱ་དགའ་སྤྲོད་པའི་མཛད་སྒོ་བསྡུས།

 DSC00580.JPG

བོད་ཡིག་བརྩམས་ཀྱི་བྱ་དགའ་ཐོབ་མཁན་གྱི་སློབ་མའི་མཚན་གཞུང་།

 

ཨང་དང་པོ། ལོ་རིམ་དགུ་བའི་འཛིན་གྲྭ་ལྔ་བའི་སློབ་མ། བདེ་སྐྱིད།

ཨང་གཉིས་པ། ལོ་རིམ་བདུན་པའི་འཛིན་གྲྭ་དགུ་བའི་སློབ་མ། བསོད་ནམས་བཀྲ་ཤིས།

ཨང་གཉིས་པ། ལོ་རིམ་དགུ་བའི་འཛིན་གྲྭ་གཉིས་པའི་སློབ་མ། བསམ་གཏན་ཤེས་རབ།

ཨང་གསུམ་པ། ལོ་རིམ་དགུ་བའི་འཛིན་གྲྭ་དགུ་བའི་སློབ་མ། ཨོ་སྒྲོན།

ཨང་གསུམ་པ། ལོ་རིམ་དགུ་བའི་འཛིན་གྲྭ་བཅུ་བཞི་པའི་སློབ་མ། ངག་དབང་བསོད་ནམས།

ཨང་གསུམ་པ། ལོ་རིམ་བདུན་པའི་འཛིན་གྲྭ་གཉིས་པའི་སློབ་མ། བསོད་ནམས་དབང་མོ། ཆེ་བ།

རྟིང་སྐུལ། ལོ་རིམ་དགུ་བའི་འཛིན་གྲྭ་བཅུ་གཉིས་པའི་སློབ་མ། གདུགས་དཀར་ཚེ་རིང་།

རྟིང་སྐུལ། ལོ་རིམ་བརྒྱད་པའི་འཛིན་གྲྭ་གཉིས་པའི་སློབ་མ། འཕྲིན་ལས་དབང་རྒྱལ།

རྟིང་སྐུལ། ལོ་རིམ་བརྒྱད་པའི་འཛིན་གྲྭ་དྲུག་པའི་སློབ་མ། སྐལ་བཟང་ཆོས་སྒྲོན།

རྟིང་སྐུལ། ལོ་རིམ་དགུ་བའི་འཛིན་གྲྭ་གསུམ་པའི་སློབ་མ། སྐལ་དར།

རྟིང་སྐུལ། ལོ་རིམ་དགུ་བའི་འཛིན་གྲྭ་བདུན་པའི་སློབ་མ། བཀྲ་དབང་།

DSC00579.JPG

རྒྱ་ཡིག་བརྩམས་ཆོས་ཀྱི་བྱ་དགའ་ཐོབ་མཁན་གྱི་སློབ་མའི་མཚན་གཞུང་།

 

ཨང་དང་པོ། ལོ་རིམ་བརྒྱད་པའི་འཛིན་གྲྭ་གཉིས་པའི་སློབ་མ། སྒྲོན་དཀར་དབང་མོ།

ཨང་གཉིས་པ། ལོ་རིམ་དགུ་བའི་འཛིན་གྲྭ་བཞི་བའི་སློབ་མ། སྐལ་བཟང་ལྷ་མོ།

ཨང་གཉིས་པ། ལོ་རིམ་བདུན་པའི་འཛིན་གྲྭ་ལྔ་བའི་སློབ་མ། གཡང་སྐྱིད་མེ་ཏོག

ཨང་གསུམ་པ། ལོ་རིམ་དགུ་བའི་འཛིན་གྲྭ་གཉིས་པའི་སློབ་མ། ཚེ་རིང་སྒྲོལ་མ།

ཨང་གསུམ་པ། ལོ་རིམ་དགུ་བའི་འཛིན་གྲྭ་བརྒྱད་པའི་སློབ་མ། ལྷ་མོ་ཚེ་མཚོ།

ཨང་གསུམ་པ། ལོ་རིམ་་དགུ་བའི་འཛིན་གྲྭ་གསུམ་པའི་སློབ་མ། བསོད་ནམས་རྡོ་རྗེ།

རྟིང་སྐུལ། ལོ་རིམ་བདུན་པའི་འཛིན་གྲྭ་དང་པོའི་སློབ་མ། པད་མ་དབང་མོ། ཆེ་བ།

རྟིང་སྐུལ། ལོ་རིམ་བརྒྱད་པའི་འཛིན་གྲྭ་བརྒྱད་པའི་སློབ་མ། ཚེ་རིང་རྡོ་རྗེ།

རྟིང་སྐུལ། ལོ་རིམ་དགུ་བའི་འཛིན་གྲྭ་བཅུ་གསུམ་པའི་སློབ་མ། སྒྲོན་དཀར་དབང་མོ།

རྟིང་སྐུལ། ལོ་རིམ་བརྒྱད་པའི་འཛིན་གྲྭ་དང་པོའི་སློབ་མ། སྐལ་བཟང་སྒྲོལ་མ།

རྟིང་སྐུལ། ལོ་རིམ་དགུ་བའི་འཛིན་གྲྭ་བཅུ་བཞི་པའི་སློབ་མ། ཀུན་དགའ་རྒྱལ་མཚན།