སློབ་སྐབས་གཉིས་པའི་ཐེངས་དང་པོའི་ལས་བྱ་ཞིབ་བཤེར།

 DSC00584.JPG

སློབ་གཙོ་གཞོན་པ་བསོད་ནམས་འབྱོར་ལྡན་ལགས་ཀྱིས་གཟིགས་ཞིབ་གནང་བཞིན་པ།

 སྤྱི་ཟླ༤པའི་ཚེས༡༡རེས་གཟའ་མིག་དམར་ཉིན་སློབ་དཔྱོད་ཁང་གིས་དུས་རྒྱུན་ལྟར་དུ། སྤྱི་ལོ༢༠༡༦ནས་༢༠༡༧ལོའི་སློབ་སྐབས་གཉིས་པའི་ཐེངས་དང་པོའི་སློབ་གྲྭའི་དགེ་རྒན་རྣམ་པའི་སློབ་ཁྲིད་འཆར་ཟིན་དང་། སློབ་མའི་ལས་བྱ་སྟེ། གཟའ་ཐོ་དང་། རྩོམ་ཡིག སྦྱང་གཞི་ལྷན་ཐབས་བཅས་ཇི་ལྟར་ལེགས་འགྲུབ་བཟོས་ཡོད་མེད་ཞིབ་བཤེར་བྱས་ཤིང་། དེར་སློབ་གཙོ་གཞོན་པ་རྒན་བསོད་ནམས་འབྱོར་ལྡན་དང་། སློབ་དཔྱོད་ཁང་གི་འགན་འཛིན་རྒན་དོན་འགྲུབ་རྡོ་རྗེ་རྣམ་གཉིས་ཀྱིས་གཟིགས་ཞིབ་དང་མཛུབ་སྟོན་གནང་པ་རེད།

DSC00592.JPG

སློབ་དཔྱོད་ཁང་གི་འགན་འཛིན་དོན་འགྲུབ་རྡོ་རྗེས་གཟིགས་ཞིབ་གནང་བཞིན་པ།

DSC00588.JPG

ཚེ་རིང་དཔལ་མོས་ལས་བྱ་ལ་ཞིབ་བཤེར་གནང་བཞིན་པ།

DSC00587.JPG

སྲུན་ཡན་ཧྥུ་ཡིས་ལས་བྱ་ཞིབ་བཤེར་གནང་བཞིན་པ།

DSC00589.JPG

ཚེ་རིང་རྒྱལ་མཚན་གྱིས་ལས་བྱ་ལ་ཞིབ་བཤེར་གནང་བཞིན་པ།